མདའ་བཞི།
མདའ་བཞི་ནི་འབྲོང་ལུང་ཡུལ་ཚོ་མི་དམངས་སྲིད་གཞུང་གནས་ཡུལ་གྱི་ལྷོ་ནུབ་ཀྱི་སྟོང་སྨི19.2ཀྱི་མཚམས་སུ་གནས་ཡོད། མདའ་བཞི་སྡེ་བའི་འབྲོག་དམངས་ཨུ་ཡོན་ལྷན་ཁང་གནས་འདིར་བཅའ་སྡོད་བྱས་ཡོད། “མདའ་བཞི”ནི་བོད་སྐད་ཡིན་ལ། ཚོ་བའི་མིང་ཡིན། ཚོ་བའི་མིང་ལས་མིང་འདི་ཐོགས། སྔོན་ཆད་མདའ་བཞི་རྫོང་གསེར་དངུལ་ཐང་དུ་བཅའ་སྡོད་བྱས་ཡོད་ལ། དུས་རབས20བའི་ལོ་རབས60བའི་དུས་མགོར། རྒྱལ་སྲུང་བཟོ་ལས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཆེད་གནས་འདིར་སྤོས། འདུས་སྡོད་ཁུལ་ནི་ཐང་མར་བརྡལ་བ་ལྟར་སོ་སོར་འཐོར་ཏེ་གནས་ཤིང་། མང་ཤས་ནི་སོ་ཕག་གིས་གྲུབ་པའི་ཁེར་ཐོག་ཡིན། སྡོད་དམངས་ཁྱིམ་ཚང179ལ་མི་གྲངས1193ཡོད་པའི་ནང་བོད་རིགས་དང་། ཧུའེ་རིགས། སོག་རིགས། ཡུས་ཀུའུ། རྒྱ་རིགས་སོགས་ཡོད། དཔལ་འབྱོར་གྱི་ཡོང་ཁུངས་ནི་ཕྱུགས་ལས་གཙོ་བོ་ཡིན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注