དར་ལུང་། 

དར་ལུང་ནི་འབྲོང་ལུང་ཡུལ་ཚོ་མི་དམངས་སྲིད་གཞུང་གནས་ཡུལ་གྱི་ཤར་ལྷོའི་སྤྱི་ལེ11.6གི་མཚམས་སུ་གནས་ཡོད། དར་ལུང་སྡེ་བའི་འབྲོག་དམངས་ཨུ་ཡོན་ལྷན་ཁང་གནས་འདིར་བཅའ་སྡོད་བྱས་ཡོད། “དར་ལུང”ནི་བོད་སྐད་ཡིན་ལ། དར་ཤིང་གི་དོན་ཡིན། གནས་འདིར་དར་ལྕོག་བཙུགས་ཡོད་པས་མིང་འདི་ཐོགས། འདུས་སྡོད་ཁུལ་ནི་ཐང་མར་བརྡལ་བ་ལྟར་སོ་སོར་འཐོར་ཏེ་ཆགས་ཤིང་། སྡོད་ཁང་མང་ཤས་སོ་ཕག་དང་ཤིང་གིས་གྲུབ་པའི་ཁེར་ཐོག་ཡིན། སྡོད་དམངས་ཁྱིམ་ཚང211ཡོད་ལ། མི་གྲངས976ཡོད་པའི་ནང་བོད་རིགས་དང་། རྒྱ་རིགས། སོག་རིགས་སོགས་ཡོད། དཔལ་འབྱོར་གྱི་ཡོང་ཁུངས་ནི་ཕྱུགས་ལས་གཙོ་བོ་ཡིན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号