རྐང་ཚ་རྫོང་གིས2024ལོའི་དཔྱིད་འདེབས་བྱ་བའི་མགོ་ཚུགས་མཛད་སྒོ་བསྡུས།

དཔྱིད་རླུང་དལ་གྱིས་ལྡང་། དཔྱིད་འདེབས་ལས་ལ་བྲེལ། ཉེ་ཆར། རྐང་ཚ་རྫོང་གིས་མཐིང་མདོག་གི་མཚོ་སྔོན་པོའི་ངོགས་སུ“ཞིང་ལས་རིག་གནས་དར་སྤེལ་བཏང་སྟེ་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད”ཅེས་པ་བརྗོད་དོན་བྱས་པའི་དཔྱིད་འདེབས་བྱ་བའི་མཛད་སྒོ་བསྡུས་པ་དེས། རྫོང་ཡོངས་ཀྱི2024ལོའི་དཔྱིད་འདེབས་མུའུ་ཁྲི7.96ཟིན་པའི་ཞིང་ལས་བྱ་བ་མགོ་ཚུགས་པ་མཚོན། རྐང་ཚ་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་ལུག་རྒྱུད་གསོ་སྤེལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས། མཚོ་སྔོན་པོའི་ཞིང་ར། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་འབྲེལ་ཡོད་འགན་འཁུར་བ། རྐང་ཚ་རྫོང་ཞིང་ཕྱུགས་ཆུ་བེད་ཚན་རྩལ་ཅུས་ཀྱི་འགན་འཁུར་བ། ཆེད་ལས་ལག་རྩལ་མི་སྣ། སྡེ་བའི་ཨུ་ལྷན་སོ་སོའི་འགན་འཁུར་བ། རྫོང་མངའ་ཁོངས་ཀྱི་འདེབས་འཛུགས་མཉམ་ལས་ཁང་སོགས་ལས་གཉེར་འགན་འཁུར་བ་གཙོ་བོ་དང་། འདེབས་འཛུགས་ཁྱིམ་ཚང་། ཞིང་པ་མང་ཚོགས་སོགས་མི300ལྷག་བྱེད་སྒོར་ཞུགས།

ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས“འབྲུ་རིགས་ཞིང་ལ་བརྟེན་པ་དང་འབྲུ་རིགས་ལག་རྩལ་ལ་བརྟེན་པའི”འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་རྒྱུན་འཁྱོངས་དང་། རྨོ་ཞིང་རྒྱ་ཁྱོན་བརྟན་པོའི་ངང་འབྲུ་རིགས་ཐོན་སྐྱེད་བདེ་འཇགས་འགན་ལེན་བྱེད་པ། ཞིང་ལས་ཚན་རྩལ་ཞབས་ཞུའི་ཆུ་ཚད་ལ་ཤུགས་སྣོན་པ། ཞིང་ལས་སྐྱེ་དངོས་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྫོང་གཏོད་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། ཧུར་ཐག་གིས་ཞིང་ཆེན་ཞིང་ཕྱུགས་ཚན་རྩལ་ཁང་དང་། ཁུལ་ཞིང་ཕྱུགས་ཚན་རྩལ་ཞིབ་འཇུག་སུའོ་སོགས་ཚན་རིག་ཞིབ་འཇུག་ཁང་མཉམ་འབྲེལ་སྒོས། རྫོང་ཡོངས་ཀྱི་དཔྱིད་འདེབས་དང་ཞིང་ལས་ཀྱི་གོ་རིམ་ཧྲིལ་བོ་འཕྲུལ་ཆས་ཅན་དུ་བསྒྱུར་ཚད་བརྒྱ་ཆའི98ཡན་ཡིན་ལ། འདི་ལས་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་འགན་འཁྲི་གཏན་འཇགས་སུ་སྐུལ་ཏེ། ཞིང་ལས་ཐོན་སྐྱེད་གཏན་འཇགས་ཁྲོད་ཡར་སྐུལ་དང་། ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་དགའ་འོས་པ་བྱུང་ཡོད།

རྐང་ཚའི་འབྲེལ་ཡོད་མགོ་ཁྲིད་ཀྱིས་བསྟན་དོན། རྐང་ཚ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་སོ་སོ། འབྲེལ་ཡོད་སྡེ་ཁག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་ཚོགས་འདུ། ཞིང་ཆེན་དང་ཁུལ། རྫོང་ཨུའི་ཞིང་སྡེ་དང་འབྲོག་ཁུལ་བྱ་བའི་ཚོགས་འདུའི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས། ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཨང་དང་པོར་བཞག་སྟེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་རྒྱུ་དམིགས་ཚད་དུ་བཟུང་ནས་དཔྱིད་འདེབས་བྱ་བའི་འགན་ཁག་ཐེག་དང་། ཞིང་ལས་དུས་སྐབས་ཀྱི་གནད་གཙོ་བོ་འབུར་དུ་བཏོན་ནས། སྲིད་ཇུས་བཟང་བོའི་སྒྲོག་བཤད་མཁན་དང་། ལག་རྩལ་མཛུབ་སྟོན་མཁན། མང་ཚོགས་ཞིང་འདེབས་པ་བཅས་ཀྱི་བྱ་བའི་བླང་བྱ་གཞིར་བཟུང་སྟེ། དཔྱིད་འདེབས་བྱ་བ་ལེགས་པོ་སྒྲུབ་པ་དང་། ཟས་རིགས་གཏན་འཇགས་ངང་ཐོན་སྐྱེད་བྱེད་པ། ཞིང་ལས་ཁེ་ཕན་བརྩོན་ལེན་དང་ཞིང་པའི་ཡོང་འབབ་ལ་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་རེད།

འདྲུད་འཐེན་འཁོར་ལོའི་སོ་འཁོར་འོག་ཏུ། ཞིང་སར་སྐྱེ་ལྡན་ལུད་རྫས་གཏོར་ནས་རྨོ་སློག་རྒྱག་པ་སོགས་གོ་རིམ་ལྡན་པའི་ངང་དཔྱིད་འདེབས་བྱ་བ་དངོས་སུ་སྤེལ་བ་དང་། བྱེད་སྒོའི་སྟེང་དུ། སྤུས་ལེགས་གསར་བའི་དཔེ་སྟོན་ཁྱབ་གདལ་དང་ཞིང་ཕན་སྲིད་ཇུས། ཞིང་སྤྱོད་ལག་རྩལ་སོགས་དྲིལ་སྒྲོ་བྱེད་སྒོ་སྤེལ་བར། ཁུལ་རིམ་པའི་ཚན་རྩལ་ཆེད་མཁས་པ་གདན་དྲངས་ནས་ཚན་རྩལ་སྐྱེལ་བ་དང་། སྲིད་ཇུས་སྐྱེལ་བ། ཆ་འཕྲིན་ཞབས་ཞུ་གཞི་རིམ་དུ་སྤེལ་བ་རེད། 

རྒྱུས་ལོན་པ་ལྟར་ན། ཞིང་ལས་ཐོན་སྐྱེད་ཀྱི་དོན་དངོས་ལ་དམ་པོར་དམིགས་ནས་དྲིལ་བསྒྲགས་ནང་དོན་གོ་བདེ་ཞིང་ཤེས་སླ་བ་འགན་ལེན་བྱས་ཏེ། ཞིང་ལས་ཐོན་སྐྱེད་ཁྲོད་ཀྱི་ལག་རྩལ་གནད་དོན་སྣ་ཚོགས་དུས་ཐོག་ཏུ་ཐག་གཅོད་བྱས་ནས་རྫོང་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱས།


ཚེ་བྱམས་རྒྱལ་གྱིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号