ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《མཐོ་རིམ་སློབ་གྲྭ་དཀྱུས་མའི་མཐར་ཕྱིན་སློབ་མའི་སྤུས་ཚད་མཐོ་བའི་ལས་ཞུགས་ཞབས་ཞུའི་མ་ལག་མགྱོགས་མྱུར་ངང་འཛུགས་སྐྱོང་བྱེད་པའི་སྐོར་གྱི་བསམ་འཆར》དཔར་འགྲེམས་བྱས།
ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《མཐོ་རིམ་སློབ་གྲྭ་དཀྱུས་མའི་མཐར་ཕྱིན་སློབ་མའི་སྤུས་ཚད་མཐོ་བའི་ལས་ཞུགས་ཞབས་ཞུའི་མ་ལག་མགྱོགས་མྱུར་ངང་འཛུགས་སྐྱོང་བྱེད་པའི་སྐོར་གྱི་བསམ་འཆར》(གཤམ་དུ་བསྡུས་མིང་ལ《བསམ་འཆར》ཟེར)དཔར་འགྲེམ་བྱས་ནས། སྤུས་ཚད་མཐོ་བའི་ལས་ཞུགས་ཞབས་ཞུའི་མ་ལག་བཙུགས་ནས་མཐོ་སློབ་མཐར་ཕྱིན་སློབ་མའི་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ལས་དོན་ཐད་བཀོད་སྒྲིག་བྱས།
《བསམ་འཆར》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ལས་ཞུགས་དམིགས་བསལ་དུ་འཛིན་པའི་འཐབ་ཇུས་ལག་བསྟར་བྱས་ནས། མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། སློབ་གསོ་དང་གསོ་སྦྱོང་། ལས་ཞུགས་བཅས་ལ་གཅིག་གྱུར་གྱིས་དམ་འཛིན་བྱེད་པ་དང་། ཐོན་ལས་ཕྱོགས་ཀྱི་ཤེས་ལྡན་མི་སྣའི་དགོས་མཁོ་དང་ལས་ཞུགས་ཕྱོགས་ཀྱི་གདེང་འཇོག་ལྡོག་སྐྱེལ་མཛུབ་ཁྲིད་དུ་བཟུང་སྟེ། ཕྲེང་འབྲེལ་ཧྲིལ་པོར་གསོ་སྐྱོང་མཁོ་སྤྲོད་དང་ལས་ཞུགས་མཛུབ་ཁྲིད། ལས་འཚོལ་གདན་ཞུ། རོགས་སྐྱོར་རོགས་འདེགས། ལྟ་ཞིབ་ཚད་ལེན་གདེང་འཇོག་སོགས་ཀྱི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་། ལེགས་ཆ་དང་སློབ་སྦྱོང་ལ་ཕན་པ་ཡོད་པའི་སྔར་ལས་མང་བའི་ལས་ཞུགས་ལས་གནས་གསར་སྤེལ་བྱས་ཏེ། མཁོ་སྤྲོད་སྦྲེལ་མཐུད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མི་དང་ལས་རྐང་འཚམ་པ་དང་། མིའི་ལེགས་ཆ་བེད་སྤྱོད་བྱེད་པ། འཇོན་ནུས་སྤྱོད་གང་ཐུང་བྱེད་པ་བཅས་ལ་བརྩོན་ལེན་བྱས་ནས། ལས་ཞུགས་ཀྱི་སྤུས་ཚད་དང་བརྟན་བརླིང་རང་བཞིན་ཆེ་རུ་གཏོང་དགོས། ལོ3ནས5བར་གྱི་རྒྱུན་མཐུད་འབད་བརྩོན་བྱེད་པ་བརྒྱུད། ལས་མི་ཡོངས་ལ་ཁྱབ་པ་དང་བྱེད་ནུས་འཐུས་ཚང་ཡིན་པ། འགན་སྲུང་ནུས་ལྡན་ཡིན་པའི་ཞབས་ཞུའི་མ་ལག་གཞི་རྩའི་ཐོག་བཙུགས་ནས། མཐོ་སློབ་མཐར་ཕྱིན་སློབ་མའི་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་བྱེད་པར་སྐུལ་འདེད་གཏོང་རྒྱུར་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།
《བསམ་འཆར》ནང་། གསོ་སྐྱོང་དང་མཁོ་སྤྲོད་མ་ལག་ཇེ་ལེགས་སུ་གཏོང་དགོས། ཤེས་ལྡན་མི་སྣའི་འཕེལ་རྒྱས་འགྲོ་ཕྱོགས་དང་མཁོ་སྤྲོད་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་དང་བརྡར་གཅོད་བྱེད་པ་དང་། ཤེས་ལྡན་མི་སྣའི་དགོས་མཁོའི་གཞི་གྲངས་མཛོད་བཙུགས་ནས། ཤེས་ལྡན་མི་སྣའི་མཁོ་སྤྲོད་འབྲེལ་བའི་རྒྱང་ལྟའི་རང་བཞིན་ལ་དབྱེ་ཞིབ་བྱེད་དགོས། མཁོ་སྤྲོད་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཕྱོགས་སྟོན་དུ་བྱས་ནས་མཐོ་རིམ་སློབ་གསོའི་ཆེད་ལས་དང་ཐོན་ཁུངས་གྲུབ་ཚུལ་བཀོད་སྒྲིག་ལ་འགུལ་རྣམ་ལེགས་སྒྲིག་བྱས་ཏེ། མཐོ་རིམ་སློབ་གསོའི་གཞི་ཁྱོན་དང་གྲུབ་ཚུལ། སྤུས་ཚད་བཅས་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་སྔར་བས་མཐུན་པར་སྐུལ་འདེད་གཏོང་དགོས། སློབ་བསྡུའི་འཆར་གཞི་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། ལས་ཞུགས་མཉམ་འགུལ་ལམ་སྲོལ་བཅས་འཐུས་ཚང་དུ་བཏང་ནས། སློབ་བསྡུའི་འཆར་གཞིའི་བགོ་བཤའ་བྱེད་སྟངས་ལེགས་བཅོས་བྱེད་པ་དང་། མཐོ་སློབ་ཀྱིས་དེ་བས་སྟབས་བསྟུན་གྱིས་སློབ་སྦྱོང་ལམ་ལུགས་འཛུགས་པར་སྐུལ་མ་གཏོང་བ་དང་། ཆེད་ལས་སྤོ་སྒྱུར་དང་ཆེད་ལས་གཞན་པ་ཟུར་སྦྱོང་བྱེད་པ་སོགས་ཀྱི་གཏན་འབེབས་འཐུས་ཚང་དུ་གཏོང་དགོས་པར་བསྟན་ཡོད།
《བསམ་འཆར》ནང་། ལས་ཞུགས་མཛུབ་ཁྲིད་མ་ལག་ལ་ཤུགས་སྣོན་པ་དང་། ལས་འཚོལ་གདན་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། རོགས་སྐྱོར་རོགས་འདེགས་མ་ལག་འཐུས་ཚང་དུ་གཏོང་བ། གསར་གཏོད་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་དགོས། དོན་གཉེར་སློབ་གསོ་དང་ལས་ཞུགས་ཀྱི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་ཀྱི་འཆར་འགོད་སློབ་དེབ་དང་དཔེ་སྟོན་སློབ་ཚན། སློབ་ཁྲིད་གྲུབ་འབྲས་ཁག་གཅིག་བཏོད་ནས། ལས་ཞུགས་སློབ་གསོ་དེ་མི་ཡོངས་དང་བརྒྱུད་རིམ་ཧྲིལ་པོ། ཕྱོགས་ཡོངས་ཀྱི་མི་གསོ་སྐྱོང་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། ཡང་དག་པའི་ལས་ཞུགས་ལྟ་བ་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱེད་པ་དང་། ལས་ཞུགས་ཀྱི་དངོས་སྦྱོང་དང་ལྟ་སྦྱོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སློབ་གྲྭའི་གདན་ཞུ་དང་ལས་ཞུགས་ཀྱི་ཁྲོམ་རའི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས། ས་ཁོངས་རང་བཞིན་དང་ལས་རིགས་རང་བཞིན་གྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ཁྲོམ་ར་ཁག་གཅིག་འཛུགས་སྐྱོང་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་སོགས་མཐོ་སློབ་མཐར་ཕྱིན་སློབ་མའི་དགོས་མཁོ་སྔོག་འདོན་བྱས་ནས། གདན་ཞུ་བཀོད་སྒྲིག་དང་སྒྲིག་ལམ་ཇེ་ལེགས་དང་ཚད་ལྡན་དུ་གཏོང་དགོས། སྣ་མང་གཙོ་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ། ཚོང་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ཀྱི་ཐབས་ལམ་རྒྱ་བསྐྱེད་ནས། ལས་ཞུགས་ཀྱི་འཕར་གཞི་གསར་པ་གསར་སྤེལ་བྱ་དགོས། དཀའ་ངལ་ལ་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། རོགས་སྐྱོར་བྱ་ཡུལ་ལ་ཞབས་ཞུ་དང་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། སློབ་མཐར་ཕྱིན་ནས་ལས་ཞུགས་མ་ཐུབ་པའི་མཐར་ཕྱིན་སློབ་མའི་དངོས་མིང་ལས་ཞུགས་རོགས་སྐྱོར་གྱི་བླང་བྱ་རེ་བ་དངོས་འབེབས་བྱེད་པ་དང་། “ཕུགས་འདུན་བརྩོན་སྙེག་ལ་རོགས་སྐྱོར”བྱེད་པའི་ལས་ཞུགས་ནུས་པ་གསོ་སྦྱོང་གི་རྣམ་གྲངས་དོན་འཁྱོལ་བྱས་ནས། གསོ་སྦྱོང་གི་ཁྱབ་རྒྱ་གོ་རིམ་ལྡན་པའི་སྒོ་ནས་རྒྱ་བསྐྱེད་དགོས། དུས་ཐོག་ཏུ་ལས་ཞུགས་ཁྲོམ་རའི་ལས་གནས་ཀྱི་དགོས་མཁོ་དང་མཐར་ཕྱིན་སློབ་མའི་ལས་འཚོལ་བསམ་འདུན་སོགས་ཁོང་དུ་ཆུད་པར་བྱས་ནས། མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་སྤུས་ཚད་དང་བྱ་བའི་གདེང་འཇོག་འབྲས་བུ་བེད་སྤྱོད་བྱེད་པར་ཤུགས་སྣོན་པ་དང་། དེ་མཐོ་སློབ་སློབ་གསོ་སློབ་ཁྲིད་དང་རིག་ཚན་འཛུགས་སྐྱོང་གི་ཚོད་སྐོར་དང“རྩེ་གྲི་གཉིས”འཛུགས་སྐྲུན་གྱི་ཕན་འབྲས་ལ་གདེང་འཇོག་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་གལ་ཆེན་ཏུ་བརྩི་དགོས་པ་གསལ་བོར་བསྟན་ཡོད།
《བསམ་འཆར》ནང་། རྒྱབ་སྐྱོར་འགན་སྲུང་མ་ལག་སྲ་བརྟན་དུ་གཏོང་དགོས། མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞི་སྟོབས་ཆེར་གཏོང་བ་དང་། གཏན་འབེབས་ལྟར་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞི་དང་མི་སྣ། ལས་ཡུལ། འགྲོ་གྲོན་བཅས“དོན་འཁྱོལ་བཞི”གྱི་བླང་བྱ་དངོས་འབེབས་བྱས་ཏེ། ཆེད་ལས་ཅན་གྱི་ལས་ཞུགས་མཛུབ་ཁྲིད་དགེ་རྒན་དཔུང་ཁག་གསར་འཛུགས་བྱེད་དགོས། མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་ཞིབ་འཇུགགཏིང་ཟབ་ཏུ་གཏོང་དགོས། གྲངས་གཞི་ཅན་གྱི་ལས་ཞུགས་ཞབས་ཞུའི་རྣམ་པ་གསར་པ་ཁྱབ་གདལ་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་ལས་ཞུགས་ཞབས་ཞུའི་སྟེགས་བུ་གསར་འཛུགས་དང་སྟོབས་ཆེར་གཏོང་དགོས། འདྲ་མཉམ་གྱི་ལས་ཞུགས་ཁོར་ཡུག་དང་རྣམ་པ་བཟང་པོ་བསྐྲུན་དགོས། རྩ་འཛུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱ་བའི་མཉམ་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注