སློབ་གསོ་པུའུ་ཡིས2025ལོའི་མཐོ་སློབ་སློབ་མའི་དམག་བསྡུ་དྲིལ་སྒྲོག་ལས་དོན་ཡག་པོར་བསྒྲུབ་རྒྱུའི་བཀོད་སྒྲིག་བྱས།

གསར་འགོད་པས་ཟླ4པའི་ཚེས9ཉིན་སློབ་གསོ་པུའུ་ནས་ཤེས་གསལ་ལྟར་ན། ཉེ་སྔོན་སློབ་གསོ་པུའུ་ཡིས་བརྡ་ཐོ་དཔར་འགྲེམ་བྱས་ཏེ་ས་གནས་སོ་སོའི་མཐོ་སློབ་ཁག་གིས་དམག་བསྡུ་དྲིལ་སྒྲོག་སློར་རར་བསྐྱོད་པའི་ལས་དོན་ལ་ཤུགས་སྣོན་པར་བཀོད་སྒྲིག་བྱས་ཏེ། མཐོ་སློབ་སློབ་མ་དམག་དཔུང་ནང་ཞུགས་ནས་རྒྱལ་ཁབ་ལ་དྲིན་གཟོ་བྱེད་པའི་སྤྲོ་སེམས་སྔར་བས་སྐུལ་སྤེལ་བྱས་ཤིང་། མཐོ་སློབ་སློབ་མ་དང་ལྷག་པར་དུ་ད་ལོའི་མཐར་ཕྱིན་སློབ་མ་ཧུར་ཐག་གིས་དམག་དཔུང་ནང་ཞུགས་པར་སྐུལ་ལྕག་བྱས།

བརྡ་ཐོའི་ནང་ནན་གྱིས་བསྟན་དོན། མཐོ་སློབ་སློབ་མ་ནི་འཛམ་གླིང་གི་དམག་དཔུང་རྩེ་གྲ་འཛུགས་སྐྲུན་བྱེད་པའི་ཤེས་ལྡན་མི་སྣའི་ཐོན་ཁུངས་གལ་ཆེན་ཞིག་ཡིན། མཐོ་སློབ་སློབ་མའི་དམག་བསྡུ་དྲིལ་སྒྲོག་ཡག་པོར་བསྒྲུབས་པ་དེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་རྨང་གཞིའི་ལས་གཞི་ཞིག་དང་། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག གཞོན་ནུ་སློབ་མ་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་བའི་བགྲོད་ལམ་རྒྱ་ཆེར་གཏོང་བའི་བྱ་ཐབས་ནུས་ལྡན་བཅས་སུ་བརྩིས་ནས། གཞོན་ནུ་སློབ་མས་རང་རྟོགས་ངང་མི་སྒེར་གྱི་ཕུགས་བསམ་དེ་རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་གྱི་རླབས་ཆེའི་བྱ་གཞག་ནང་མཉམ་འདྲེས་བྱེད་པར་འཁྲིད་སྟོན་བྱེད་དགོས།

བརྡ་ཐོའི་ནང་བསྟན་དོན། རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སློབ་གཉེར་བརྒྱུད་རིམ་མི་འདྲ་བ་དང་ལོ་རིམ་མི་འདྲ་བའི་སློབ་མའི་ཁྱད་ཆོས་ལ་དམིགས་ནས་ཁྱད་པར་ཅན་དྲིལ་སྒྲོག་བྱེད་དགོས། དྲིལ་སྒྲོག་གི་ཕན་འབྲས་ལ་མཐོང་ཆེན་བྱས་ཏེ། དམག་ཞུགས་གྱི“ལྗང་མདོག་བགྲོད་ལམ”ཤར་གཏོང་བྱེད་པ་དང་། སྔར་ལས་མང་བའི་གཞོན་ནུ་སློབ་མ་དང་ལྷག་པར་དུ་མཐོ་སློབ་མཐར་ཕྱིན་སློབ་མ་དམག་དཔུང་ནང་ཞུགས་པར་སྐུལ་ལྕག་དང་སྣེ་ཁྲིད་བྱེད་དགོས་ལ། ཟླ8པའི་ཟླ་མཇུག་བར་ཏུ་ད་ལོའི་མཐར་ཕྱིན་སློབ་མ་སྔོན་བཀོད་དམག་དཔུང་ནང་ཞུགས་པའི་ལས་དོན་ལེགས་འགྲུབ་བྱེད་དགོས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号