རྒྱལ་ཡོངས་ཀྱི་དཔྱིད་ཀའི་ཆུ་འདྲེན་ས་ཞིང་རྒྱ་ཁྱོན་མུའུ་དུང་ཕྱུར1.2ལས་བརྒལ་ཡོད་པ།
ཟླ4པའི་ཟླ་སྟོད་བར་དུ། ཞིང་ཆེན23གྱི་ཞིང་སར་དཔྱིད་ཆུ་འདྲེན་མགོ་ཚུགས་པ་དང་། བསྡོམས་པས་ཆུ་འདྲེན་ཞིང་སའི་རྒྱ་ཁྱོན་མུའུ་དུང་ཕྱུར1.2ལས་བརྒལ་བ་དང་། དེའི་ནང་ཆུ་འདྲེན་ཞིང་ཁུལ་ཆེ་འབྲིང2200ལྷག་ལ་ཆུ་འདྲེན་བྱེད་མགོ་ཚུགས་པ་དང་། རིམ་རྩིས་བྱས་ན་ཆུ་འདྲེན་ཞིང་ས་རྒྱ་ཁྱོན་མུའུ་དུང་ཕྱུར1ལས་བརྒལ་བ་རེད། ཆུ་བེད་པུའུ་ཡིས་ས་གནས་ཁག་ལ་ཆུ་ཁུངས་བཀོད་གཏོང་ལ་ཤུགས་སྣོན་དང་ཚན་རིག་དང་མཐུན་པར་ཆུ་འདྲེན་ལག་བསྟར་བྱེད་པ་དང་ཆབས་ཅིག ཆུ་གསོག་ཆུ་སྲུང་ལ་གཅིག་གྱུར་འཆར་འགོད་དང་ཞིང་འདྲེན་སྤྱོད་ཆུའི་སྤུས་ཚད་ལ་འགན་ལེན་བྱས་ནས། ཞིང་འདྲེན་སྤྱོད་ཆུའི་བདེ་འཇགས་འགན་ལེན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བར་མཛུབ་ཁྲིད་བྱས།
ཆུ་བེད་པུའུ་ཡིས་ཆུ་འདྲེན་བྱེད་མགོ་ཚུགས་མེད་པའི་ཞིང་ཆེན་ལ་གོ་སྐབས་དམ་འཛིན་བྱས་ནས་ཆུ་གསོག་ཆུ་སྲུང་ལས་དོན་ཡག་པོར་སྒྲུབ་དགོས་པའི་མཛུབ་ཁྲིད་གནང་། མིག་སྔར། བྱང་ཤར་སོགས་ཀྱིས་ཞིང་ཆུ་འདྲེན་པའི་གྲ་སྒྲིག་ལས་དོན་ཁག་ཧུར་ཐག་གིས་ལེགས་པར་བསྒྲུབས་ཤིང་། སྔ་མོ་ནས་ཡུར་ཆུ་གསོག་ཉར་བྱས་ཡོད། ཧེ་ལུང་ཅང་ཆིང་ལུང་རི་བོའི་ཆུ་མ་ས་ཁུལ་དུ་ཟླ3པའི་ཚེས25ཉིན་དར་ཞུས་ཆུ་འདྲེན་མགོ་ཚུགས་ཤིང་། མིག་སྔའི་བར་རིམ་རྩིས་བྱས་ན་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི4000ལས་བརྒལ་ནས། ས་ཁོངས་ཡོངས་ཀྱི་ཆུ་མ་ས་ཁུལ་ཀྱི་ཆུ་སྤྱོད་དགོས་མཁོར་འགན་ལེན་བྱས་ཡོད། ནང་སོག་ཧོ་ཐའོ་ཆུ་མ་ས་ཁུལ་དུ་ཟླ4པའི་ཚེས7ཉིན་གྱི་ཆུ་ཡུར་གཙོ་བོའི་ཆུ་སྒོ་ཐོག་མར་ཕྱེས་པ་དང་། 2025ལོའི་དཔྱིད་དབྱར་གྱི་ཆུ་འདྲེན་ལས་དོན་ཁྱོན་ཡོངས་ནས་སྤེལ།
ཆུ་བེད་པུའུ་ཡིས་ས་གནས་སྒྲིག་འཛུགས་བྱས་ནས་ཞིང་འདྲེན་སྤྱོད་ཆུའི་སྤུས་ཚད་ལ་ཧུར་ཐག་གིས་ལྟ་ཞིབ་ཚད་ལེན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཆུའི་སྤུས་ཚད་ཚད་གཞིར་ལོན་པར་ཁག་ཐེག་བྱས། དཔེར་ན། ཧྲའན་ཞི་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ཆུ་འདྲེན་ཚོད་ལྟའི་ས་ཚིགས་ལ་བརྟེན་ནས་སྟབས་བདེའི་ཆུ་སྤུས་ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས་ནས་ཉིན་རེར་རྒྱུན་སྲོལ་གྱི་དམིགས་ཚད་ལྔ་ལ་སྟབས་བདེའི་ལྟ་ཞིབ་ཚད་ལེན་བྱེད་ཀྱིན་ཡོད། པའོ་ཅི་འགག་ཆུ་མ་ས་ཁུལ་དང་ཆེད་ལས་ལག་རྩལ་གྱི་ཆུ་ཚད་ཅུང་མཐོ་བའི་ཕྱོགས་གསུམ་པའི་ཆུ་སྤུས་བརྟག་འཇལ་སྒྲིག་གཞི་དབར་མཉམ་ལས་བྱས་ཏེ། དཔྱིད་ཀའི་ཆུ་འདྲེན་རིང་ཟླ་རེར་རྐ་མགོར་ཆུའི་སྤུས་ཚད་དཔེ་ལེན་བྱས་པ་དང་། བླང་བྱ་ལྟར་འབྲེལ་ཡོད་དམིགས་ཚད་ཁག16ལ་བརྟག་བཤེར་ཞིབ་དཔྱད་ཚད་ལེན་བྱས། ད་ལོའི་ཟླ2པ་དང་ཟླ3པར་ཞིབ་དཔྱད་ཚད་ལེན་བྱས་འབྲས་ཚང་མ་བླང་བྱ་དང་མཐུན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注