ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས་སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་དགོས།

“ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས་སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་དུ་སྐྲུན་དགོས་པའི་འབོད་སྐུལ་གནང་བ་རེད།

ཤིང་འཛུགས་ནགས་བཟོ་ནི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལྷུ་ཚིགས་གལ་ཆེན་ཞིག་རེད། མི་དམངས་དུང་ཕྱུར་མང་པོས་སྔ་ཕྱི་བར་གསུམ་དུ་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པའི་འཕེལ་རིམ་ལ་བདེན་དཔང་བྱེད་ཀྱི་ཡོད།

རྒྱུན་ཆད་མེད་པར་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ཤིང་། ཉེ་འགྲམ་གྱི་སྔོ་ལྗང་དང་མིག་མདུན་གྱི་མཛེས་སྡུག་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད་པས། མང་ཚོགས་ཀྱི་མྱོང་ཚོར་ནི་ཐད་ཀར་དང་བཅོས་མིན་ཆེ་ཤོས་རེད། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་དུ་གྱུར་སྐབས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་དང་སྐྱེ་ཁམས་རིག་གནས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་འགྲོ་ངེས་རེད།

རྒྱུན་ཆད་མེད་པར་མཉམ་གནས་ལ་སྐུལ་འདེད་བཏང་ཞིང་། ད་ལྟ། རང་རྒྱལ་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་པོའི་སྤུས་ཚད་ལེགས་སུ་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། སྒེའུ་ཁུང་ཕྱེ་མ་ཐག་སྔོ་ལྗང་མཐོང་ཐུབ་པ་དང་ཕྱི་ལ་དོན་མ་ཐག་སྤྱི་གླིང་ཡོད་པ་སོགས་ལས། ཁོར་ཡུག་ནི་དམངས་འཚོ་ཡིན་པ་དང་། རི་སྔོན་ནི་མཛེས་ལྗོངས་དང་གནམ་སྔོན་ནི་བདེ་སྐྱིད་ཡིན་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡིན་པ་བཅས་གསོན་ཉམས་ལྡན་ལ་གཏིང་ཟབ་པོས་ར་སྤྲོད་བྱུང་ཡོད།

རྒྱུན་ཆད་མེད་པར་གཉིས་ཁེ་བཏོད་ཅིང་། ཀུའེ་ཀྲོའུ་ཁྲི་ཧྲུའེ་རུ་སྨྱུག་མའི་ཐོན་རྫས་འཚོང་བ་དང་སྨྱུག་མའི་རིག་གནས་ཡུལ་སྐོར་གཉེར་ཏེ་སྨྱུག་མའི་གླིང་དེ“ལྗང་མདོག་དངུལ་ཁང”དུ་བསྒྱུར་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར90ཟིན་པའི“སྐྱེ་ཁམས་ཀ་རྟེན”དུ་ཆགས་པ་སོགས། ལག་ལེན་གྱི་ཐོག་ནས་སྔོ་ལྗང་མང་དུ་གཏོང་བ་ནི་ལེགས་ཆ་མང་དུ་གཏོང་བ་ཞིག་ཡིན་པ་གསལ་བཤད་ཐུབ་ཡོད།

མེས་རྒྱལ་སྔོ་ལྗང་ཅན་དུ་འགྱུར་བར་ངེས་པར་དུ“ལྗང་མདོག་གསུམ”མཉམ་སྤེལ་དང“མཛོད་བཞི”མཉམ་འགུལ་ལ་སྐུལ་འདེད་མཐའ་འཁྱོངས་བྱས་ཏེ“སྤུས་སྤོར”དང་། “ལས་དར”“དམངས་ཕན”བཅས་ལ་སྔར་བས་མཐོང་ཆེན་བྱེད་དགོས། མི་རབས་ནས་མི་རབས་བར་རྒྱུན་མཐུད་དེ་བསྒྲུབས་ན། མེས་རྒྱལ་གྱི་ས་གཞི་ཆེན་པོ་སྔར་བས་སྔོ་ལྗང་གོས་ཀྱིས་བརྒྱན་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་ངེས་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号