དུས་ཚིགས་དང་པོའི་འབྲི་ཆུའི་འགག་གསུམ་ལས་གྲྭ་འཁོར་སྐྱོད་བྱེད་ཚུལ་ལེགས་པ།

ད་ལོའི་དུས་ཚིགས་དང་པོར་འབྲི་ཆུའི་འགག་གསུམ་ལས་གྲྭའི་འཁོར་སྐྱོད་གནས་ཚུལ་ཡག་པོ་བྱུང་ནས་འབྲི་ཆུའི་འབབ་རྒྱུད་ཀྱི་བདེ་འཇགས་ཁག་འགན་སྲུང་ཐུབ་སྟེ། འབྲི་ཆུའི་དཔལ་འབྱོར་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཐུབ་ཡོད་པ་རེད།

དུས་ཚིགས་དང་པོར། འབྲི་ཆུའི་འགག་གསུམ་ཆུ་མཛོད་ཀྱིས་གློག་ཤུགས་ཐེག་ཚད་དང་དེ་བཞིན་སྨད་རྒྱུད་ཀྱི་ཆུ་སྤྱོད་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། ཉིན་རེར་ཆ་སྙོམས་ཆུ་མཛོད་ནས་ཆུ་འདོན་ཚད་ཉུང་ཤོས་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་7120ཟིན་ཡོད། ཟླ་3ཚེས་31ཉིན་བར། འབྲི་ཆུའི་འགག་གསུམ་ཆུ་མཛོད་ཁུལ་གྱི་ཆུ་ཁ་མཐོ་ཚད་སྨི་162.5བར་ཆག་པ་དང་། ལོ་འཁོར་གྱི་ཆུ་ཆུང་དུས་རིམ་རྩིས་བརྒྱབ་ན་སྨད་རྒྱུད་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་46ཙམ་གསབ་སྣོན་བྱས་ནས། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་གྱི་ཆུ་སྤྱོད་དགོས་མཁོ་སྐོང་ཆེད་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད།

དུས་ཚིགས་དང་པོར། འབྲི་ཆུའི་འགག་གསུམ་གྱི་གྲུ་ལམ་འགག་སྒོ་བདེ་འཇགས་ངང་འཁོར་སྐྱོད་བྱེད་ཐེངས་2406ཟིན་ནས་གྲུ་ཐེངས་8737བསྐྱོད་པ་དང་། ཡུལ་སྐོར་བ་མི་ཐེངས་2336དང་དངོས་ཟོག་ཏུན་ཁྲི་3636སྐྱེལ་འདྲེན་བྱས་ཡོད། གྲུ་འདེགས་འཕྲུལ་འཁོར་རིམ་རྩིས་བརྒྱབ་ན་བདེ་འཇགས་འཁོར་སྐྱོད་བྱེད་ཐེངས་728ཟིན་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་7ལྷག་ཙམ་སྐྱེལ་འདྲེན་བྱས་པ་དང་། གྲུ་གཟིངས་ཐེངས་729ལྷག་ཙམ་བཏང་ནས་གྲུ་འདེགས་འཕྲུལ་འཁོར་བརྒྱུད་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་29ཟིན་ཡོད། ཟླ་3ཚེས་28ཉིན་བར། འབྲི་ཆུའི་འགག་གསུམ་གྱི་གྲུ་ལམ་འགག་སྒོས་རིམ་རྩིས་བརྒྱབ་ན་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་22ལྷག་ཙམ་ཟིན་ཡོད་པ་རེད།

དུས་ཚིགས་དང་པོར། འབྲི་ཆུའི་འགག་གསུམ་གློག་ཁང་རྒྱུན་མཐུད་བདེ་འཇགས་ཐོན་སྐྱེད་རྒྱུན་འཁྱོངས་ཐུབ་ནས། འཕྲུལ་ཚན་འཁོར་སྐྱོད་རྒྱུན་ལྡན་ཐུབ་ཅིང་། རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་148ཙམ་ཟིན་ཏེ། གློག་ཤུགས་གཙང་མ་བདེ་འཇགས་དང་བརྟན་པོའི་ངང་མཁོ་འདོན་ཐུབ་པར་འགན་ལེན་ཏན་ཏིག་བྱས་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号