ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས།

ཟླ3པའི་ཚེས18ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་ཞེ་བཞི་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས། དབྱང་ཧྥུན་ཁྲུན་དང་ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་རྩ་གནད་ཀྱི་སྙན་ཞུར་ཉན་ལ། མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་འཆར་ཟིན་གྱི་ཐེངས་གཉིས་པའི་གྲོས་ཞིབ་མ་ཡིག་དང་། མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོར་སྐུལ་འདེད་གཏོང་བའི་སྲོལ་ཡིག་འཆར་ཟིན་བཟོ་བཅོས་གནས་ཚུལ་གྱི་སྙན་ཞུར་ཉན། ཞིང་ཆེན་མི་དམངས་སྲིད་གཞུང་གི་དངུལ་རྩའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱེད་པའི་སྙན་ཞུར་ཉན། ཟི་ལིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁ་ཤས་བཟོ་བཅོས་བྱེད་པ་དང་བཀོལ་མཚམས་འཇོག་པའི་ཆོད་དོན་ཁྲོད་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་དང་ཁོར་ཡུག་ཐོན་ཁུངས་ཁྱབ་ཁོངས་ལ་འབྲེལ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ཁྲོམ་རའི་དོ་དམ་སྲོལ་བཀོལ་མཚམས་འཇོག་པའི་ཆོད་དོན། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་དྲུག་པའི་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་མཁར་གྲོང་གི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་གྱི་སྲོལ་ཡིག་བཀོལ་མཚམས་འཇོག་པ་བཅས་ཀྱི་ཐག་གཅོད་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་སྙན་ཞུར་ཉན། 2024ལོའི་ཞུ་ཚགས་ཞིབ་བཤེར་བྱ་བའི་གནས་ཚུལ་སྙན་ཞུའི་སྐོར་གྱི་སྙན་ཞུར་ཉན་པ་དང་། མི་དོན་བསྐོ་བཞག་གྲོས་དོན་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་ལས་གོང་གི་གྲོས་གཞི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་གྲོས་མཐུན་བྱུང་།

གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པའི་ཉིན་རིམ་འཆར་ཟིན་གྱི་སྙན་ཞུར་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་ལས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་གྲོས་མཐུན་འགོད་པར་སྤྲོད་རྒྱུར་མོས་མཐུན་བྱུང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号