ཞིང་ཆེན་ཡོངས་ཀྱི་དམངས་སྲིད་གྲོས་ཚོགས་ཐེངས་ཉི་ཤུ་པ་བསྡུས།

ཟླ3པའི་ཚེས19ཉིན། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་གྲོས་ཚོགས་ཐེངས་ཉི་ཤུ་པ་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་སྲིད་བྱ་བར་བཏོན་པའི་མཛུབ་སྟོན་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་པ་དང་། ཕྱོགས་ཡོངས་ནས་རྒྱལ་ཡོངས་དམངས་སྲིད་གྲོས་ཚོགས་ཐེངས་བཅོ་ལྔ་པའི་བཀོད་སྒྲིག་དོན་འཁྱོལ་བྱས་ལ། གྲུབ་འབྲས་ཕྱོགས་སྡོམ་དང་ཉམས་མྱོང་བརྗེ་རེས་བྱས་ཏེ། བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་བྱ་བའི་བླང་བྱ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། དམངས་སྲིད་བྱ་བ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་བ་ཡོད་པ་དང་། མང་ཚོགས་ཀྱི་བདེ་སྐྱིད་ལ་རག་ལས་ཡོད། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཕྱོགས་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ལ། ལས་འགན་ཁག་ཁུར་ནན་མོ་བྱས་ནས་རང་འགུལ་གྱིས་བྱ་བ་བསྒྲུབས་པ་དང་། གཞི་རྩའི་དམངས་ཚིས་འགན་སྲུང་སྔར་ལས་ཤུགས་ལྡན་པ་དང་། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སྔར་ལས་གསོན་ཤུགས་ལྡན་པར་བྱས་ལ། གཞི་རྩའི་སྤྱི་ཚོགས་འགན་སྲུང་སྔར་ལས་དྲོད་ཚད་ལྡན་པར་བྱས་པ་དང་། དམངས་སྲིད་བྱ་གཞག་འཕེལ་རྒྱས་ལ་སྔར་ལས་རྨང་གཞི་ལྡན་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་བརླིང་གི་ཁྱོན་ཡོངས་ལ་ནུས་ལྡན་སྒོས་ཞབས་འདེགས་ཞུས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བ་ལེགས་པོར་སྒྲུབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་སྲིད་བྱ་བར་བཏོན་པའི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ངེས་པར་དུ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། དམངས་སྲིད་བྱ་བའི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན། ཁྱོན་ཡོངས་རང་བཞིན། སྲིད་ཇུས་རང་བཞིན་བཅས་དམ་འཛིན་ནན་མོ་བྱེད་པ། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྲོག་ཤིང་ལས་འགན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་ནས། མི་དམངས་ཀྱི་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་པའི་བདེ་སྐྱིད་འཚོ་བའི་དགོས་མཁོ་སྐོང་བ་དམིགས་འབེན་དུ་བྱེད་པ་དང་། སྲིད་ཇུས་ལམ་ལུགས་དང་ཞབས་ཞུའི་འགན་སྲུང་། ལྟ་སྐུལ་དོ་དམ། སྤྱི་ཚོགས་ཟབ་ཞུགས་མ་ལག་བཅས་སྔར་ལས་འཐུས་ཚང་དུ་གཏོང་བ། མི་འབོར་རྒས་འགྱུར་ཅན་ལ་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་དུ་བསྟར་བར་སྐུལ་འདེད་ནུས་ལྡན་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རོགས་སྐྱོབ་དང་སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་ལས་དོན། སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་བྱ་བའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། རང་ཞིང་གི་དམངས་སྲིད་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་བཏོད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མི་འབོར་རྒས་འགྱུར་ཅན་ལ་ཁ་གཏད་འཇལ་བའི་ཐད་སྤྱོད་ཚུལ་གསར་བ་མངོན་དགོས་པ་སྟེ། རྒན་གསོའི་ཞབས་ཞུའི་འདོན་སྤྲོད་ཀྱི་སྒྲིག་གཞི་ལེགས་སྒྱུར་བྱེད་ལ། རྒན་གསོའི་བྱ་གཞག་དང་ཐོན་ལས་མཉམ་སྡེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒས་འགྱུར་བྱ་བའི་རྨང་གཞི་སྲ་བརྟན་དུ་བཏང་ནས། རྒན་རྒོན་གྱི་རིམ་པ་མང་ལ་སྣ་མང་ཅན་གྱི་རྒན་གསོའི་ཞབས་ཞུའི་དགོས་མཁོ་སྔར་ལས་སྐོང་དགོས། དམངས་ཚིས་ཚད་མཐའ་དམ་པོར་སྲུང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས་ཏེ། ཡོང་འབབ་དམའ་བའི་མི་འབོར་ལ་རོགས་སྐྱོར་བྱེད་པར་ཤུགས་སྣོན་པ་དང་། དཀའ་ཁག་ཅན་གྱི་བྱིས་པའི་བརྩེ་སེམས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་ནས། དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ནུས་ལྡན་སྒོས་འགན་སྲུང་བྱེད་དགོས། སྤྱི་ཚོགས་ལས་དོན་དོ་དམ་ཞབས་ཞུའི་ཐད་འཕེལ་རྒྱས་གསར་བ་འབྱུང་དགོས་ཏེ། དུར་སྦས་ལས་རིགས་བདེ་ཐང་དང་ཚད་ལྡན་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། གཉེན་སྒྲིག་ཞབས་ཞུའི་དོ་དམ་ལེགས་སྒྱུར་བྱེད་པ ས་མིང་གི་སྤྱི་བའི་ཞབས་ཞུ་ཟབ་སྤེལ་བྱས་ནས། གཞི་རྩའི་སྤྱི་ཚོགས་ཞབས་ཞུའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་སྣང་ཚུལ་གསར་བ་མངོན་དགོས་ཏེ། སྤྱི་ཚོགས་ཀྱི་རྩ་འཛུགས་ལ་དོ་དམ་བཟང་པོ་བྱས་ནས་བེད་སྤྱོད་ལེགས་པོ་བྱེད་པ་དང་། སྲིད་འཛིན་ཁུལ་ཁོངས་ཀྱི་སྤྱིའི་གཏན་འཇགས་སྲུང་འཛིན་བྱེད་པ། བདེ་འཇགས་མཐའ་མཚམས་འཛུགས་སྐྲུན་ཟབ་སྤེལ་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་དགོས། གཞན་ཕན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱེད་ཐབས་གསར་བ་སྤྱོད་དགོས་ཏེ། གཞན་ཕན་རྩ་འཛུགས་མུ་མཐུད་དུ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཕན་བདེ་སྤྱི་ཕན་མ་དངུལ་བེད་སྤྱོད་དོ་དམ་ལ་ཤུགས་བསྣན་ནས། སྤྱི་ཚོགས་སྟོབས་ཤུགས་ཀྱི་བྱེད་ནུས་འདོན་སྤེལ་ལེགས་པོ་བྱེད་དགོས།

གྲོས་ཚོགས་ལས་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོ། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་བཅས་ཀྱི་ཆབ་སྲིད་ཁྲིད་སྟོན་འབུར་དུ་ཐོན་པར་བྱེད་པ་དང་། བཅོས་སྒྱུར་གསར་གཏོད་ཟབ་སྤེལ་བྱེད་པ། གཞི་རིམ་རྨང་གཞིར་ཤུགས་སྣོན་པ། སྤྱོད་ཚུལ་ནན་མོ་སྦྱོང་བརྡར་བྱེད་པ། མ་མཐའི་བསམ་བློ་བརྟན་སྲུང་བྱེད་པ་དང་། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། མཐོ་སྒང་གི་དམངས་ཚིས་འགན་སྲུང་གི་མཚོ་སྔོན་གྱི་མ་དཔེ་བསྐྲུན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་བླང་བྱ་བཏོན།

ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐེན་ཁུའེ་གྲོས་ཚོགས་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号