ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས།
ཟླ1ཚེས9ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ཟི་ལིང་དུ་འཚོགས།
ཟླ1ཚེས9ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ཟི་ལིང་དུ་འཚོགས། ཚང་འཛོམས་གྲོས་ཚོགས་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་ལ། མིག་སྔར་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། 2024ལོའི་བྱ་བ་སྤྱི་བསྡོམས་དང2025ལོའི་ལས་འགན་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རིམ་སྔར་ལས་ཆེན་པོ་ལེན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བར་སྐུལ་སློང་བྱས།
ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས2024ལོའི་བྱ་བའི་སྙན་ཞུ་ཕུལ་བ་དང་། 2025ལོའི་དཔལ་འབྱོར་སྤྱི་ཚོགས་བྱ་བ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས2024ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བྱ་བ་སྤྱི་བསྡོམས་བྱས་པ་དང2025ལོའི་བྱེ་བྲག་གི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལིའུ་མེ་ཕིན་དང་། ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ཏ་ནན། ཝུའུ་ལ་ཙི་པེ་ཁི·རེ་སུའུ་ལིས་ཧན། པད་ཁོ། ཀྲུའུ་ཞང་ཧྥིན། ཧི་ལུའུ་ཁྲུན་བཅས་གྲོས་ཚོགས་སུ་ཞུགས།
ཚང་འཛོམས་གྲོས་ཚོགས་ལས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ནང་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་འགྲེལ་བཤད་གཏིང་ཟབ་བྱས་པ་དང་། དུས་རབས་གསར་པའི་དཔལ་འབྱོར་བྱ་བ་ཡག་པོར་སྒྲུབ་པའི་བརྟག་ཐབས་སྨྲ་བ་རབ་དང་རིམ་པ་བཏོན་པ་དེར་ལོ་རྒྱུས་ཀྱི་གསལ་རྟོགས་ནུས་པ་དང་། གཞུང་ལུགས་ཀྱི་སྣེ་ཁྲིད་ནུས་པ། ལག་ལེན་གྱི་མཛུབ་སྟོན་ནུས་པ་བཅས་ཧ་ཅང་ཆེན་པོ་ལྡན་པས། ང་ཚོས་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་དཔལ་འབྱོར་བྱ་བ་ཡག་པོ་སྒྲུབ་པར་ཚན་རིག་གི་ཕྱོགས་སྟོན་དང་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་ལས་གཏིང་ཟབ་སྒོས་རྟོགས་པར་བྱས་ནས། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་དགོས། ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་གནས་བབ་ལ་གལ་ཆེའི་བརྡར་ཤ་བཅད་པ་དང་། ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་དཔལ་འབྱོར་འཕེལ་རྒྱས་ཆོས་ཉིད་ལ་གལ་ཆེའི་བརྡར་ཤ་བཅད་པ། ཏང་ཀྲུང་དབྱང་གིས་དཔལ་འབྱོར་བྱ་བའི་ཐད་བཏོན་པའི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་བཅས་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ད་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བཀོད་སྒྲིག་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ། ཏང་གིས་དཔལ་འབྱོར་བྱ་བར་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བའི་བླང་བྱ་གལ་ཆེན་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ། འཐབ་ཇུས་ཀྱི་ཡིད་ཆེས་དང་ལོ་རྒྱུས་ཀྱི་རང་འགུལ་བརྟན་པོ་བྱེད་པ། རང་ཉིད་ཀྱི་བྱ་བའི་ངེས་གཏན་རང་བཞིན་ལ་བརྟེན་ནས་གནས་བབ་འགྱུར་ལྡོག་གི་ངེས་གཏན་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་བ། ཕྱོགས་སོ་སོའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་སུ་བསྒྱུར་ནས་ད་ལོའི་བྱ་བ་སྣ་ཚོགས་ཕྱོགས་ཡོངས་ནས་ལེགས་པར་སྒྲུབ་དགོས་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་དང་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཚད་ལྡན་གྱི་རྒྱུགས་ལན་སྤྲོད་དགོས་པར་འདོད།
ཚང་འཛོམས་གྲོས་ཚོགས་ལས2024ལོའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་བྱས། འདས་ཟིན་པའི་ལོ་གཅིག་གི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་མཚོ་སྔོན་ལ་ཕེབས་ནས་གཟིགས་ཞིབ་མཛད་པ་མ་ཟད། གསུང་བཤད་གལ་ཆེན་གནང་བ་དེར་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན། ལོ་ངོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དྲིན་གཟོའི་འབད་བརྩོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གསུམ་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱེད་པར་གཞི་གཅིག་ཏུ་འཆར་འགོད་དང་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལས་དོན་སྣ་ཚོགས་ཁྲོད་ཞུགས་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་པས། སྐྱེ་ཁམས་ཁོར་ཡུག་བརྟན་པོའི་ངང་ཇེ་ལེགས་སུ་སོང་བ་དང་། དཔལ་འབྱོར་འཁོར་སྐྱོད་སྐྱོན་བྲལ་དང་བརྟན་པོ་ཡིན་ལ། བཅོས་སྒྱུར་སྒོ་འབྱེད་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་། དམངས་འཚོ་འགན་སྲུང་བརྟན་པོ་དང་ནུས་ལྡན་ཡིན། མི་རིགས་མཐུན་སྒྲིལ་མི་རྣམས་ཀྱི་སེམས་གཏིང་དུ་སིམ་ཡོད་པ་དང་། ཉེན་ཁ་སྔོན་འགོག་གོ་རིམ་ལྡན་ཞིང་ཕན་ནུས་ལྡན་ལ། ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ཐད་གོམ་སྟབས་བརྟན་པོ་སྤོས་པར་འདོད།
ཚང་འཛོམས་གྲོས་ཚོགས་ལས2024ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བར་ཕྱིར་དྲན་དང་སྤྱི་བསྡོམས་བྱས། ང་ཚོས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུ་བའི་ཁྲོད་འགན་འཁྲི་མངོན་གསལ་དུ་བཏང་བ་དང་། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པའི་ཁྲོད་རང་འགུལ་གྱི་བྱ་སྤྱོད་སྤེལ་བ། དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ཁྲོད་འབད་བརྩོན་གྱིས་མདུན་སྐྱོད་བྱས་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སླར་གསོ་ཇེ་ལེགས་སུ་ཕྱིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་དང་། “མཐོ་ས”བསྐྲུན་ཚད་བརྟན་བརླིང་ཁྲོད་ཇེ་ལེགས་སུ་སོང་ཞིང་། “གནས་བཞི”འཛུགས་སྐྲུན་བྱེད་ཚད་བརྟན་བརླིང་ཁྲོད་སྤུས་ཚད་མཐོར་འདེགས་བྱུང་བ་དང་། འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་ཇེ་ཟབ་ཏུ་ཕྱིན་ལ། འཕེལ་རྒྱས་ཀྱི་སྟོབས་ཤུགས་སྔར་ལས་ཇེ་ཆེར་སོང་ཞིང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་ལས་སྟོབས་དང་ལྡན་ལ། འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་ལས་ཕུན་སུམ་ཚོགས་པ་དང་། འཕེལ་རྒྱས་ཀྱི་ཁྱད་ཆོས་སྔར་ལས་མངོན་པར་གསལ། བྱ་བ་སྣ་ཚོགས་ལ་འདི་འདྲིའི་གྲུབ་འབྲས་ཐོབ་རྒྱུ་ནི་ལས་སླ་མོ་ཞིག་མིན་ལ་དཀའ་ཚེགས་ཧ་ཅང་ཆེ་བ་ཞིག་རེད་ཅེས་བསྟན།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མིག་སྔར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་གྱི་ལག་ལེན་ཕྱོགས་ཡོངས་དང་གཏིང་ཟབ་ཏུ་སྤེལ་བཞིན་ཡོད་པ་དང་། ང་ཚོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཕྱིའི་ཁོར་ཡུག་སྔར་ལས་རྙོག་འཛིང་ཆེ་ཞིང་ཛ་དྲག་ཡིན་ལ། སྔོན་དཔག་བྱེད་ཐུབ་པ་དང་སྔོན་དཔག་བྱེད་དཀའ་བའི་དཀའ་ངལ་དང་འགྲན་སློང་སྔ་ན་མེད་པར་འཕྲད་ཡོད། འགྲན་རྩོད་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་དང་དཀའ་ཚེགས་ཆེ་བའི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ལས་འགན་མདུན་དུ་ཡིད་ཆེས་ནི་གསེར་ལས་ཀྱང་ལྷག སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་པའི་གནས་ལུགས་བསྙོན་མེད་ཡིན་པ་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ། གནས་བབ་ཀྱི་རྙོག་འཛིང་ཆེ་བའི་རང་བཞིན་ལ་ཚོད་དཔག་སྔར་ལས་གང་ལེགས་བྱས་ནས། ལས་བྱེད་པའི་སྙིང་སྟོབས་སྔར་ལས་ནུས་ལྡན་སྒོས་བསྐྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བབ་བསྟུན་དང་མཁྲེགས་གཏོར་དཀའ་སེལ་བྱེད་རྒྱུར་སྣེ་ཁྲིད་བྱས་ཏེ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་བརྩོན་ལེན་བྱེད་དགོས། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་གནད་ལ་འཁེལ་བར་དོན་འཁྱོལ་བྱ་དགོས། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཟིན་པའི་འཐབ་ཇུས་གནས་བབ་ད་ལྟ་བཞིན་དུ་གལ་ཆེ་བའི་དུས་ཤིག་གཏན་ནས་བྱུང་མེད་པ་དང་། འཕེལ་རྒྱས་ཀྱི་ཐབས་ལམ་དེ་ད་ལྟ་བཞིན་དུ་གསལ་པོ་ཞིག་གཏན་ནས་བྱུང་མེད་ལ། འཕེལ་རྒྱས་ཀྱི་མདུན་ལམ་ད་ལྟ་བཞིན་དུ་རྒྱ་ཆེན་པོ་ཞིག་གཏན་ནས་མིན་པས། མཐོ་སྒང་གི་བུ་བུ་མོ་རྣམས་ཀྱིས་སེམས་པ་སྤྱི་ཁྱབ་ཧྲུའུ་ཅིར་ཕྱོགས་པ་དང་ཏང་ཀྲུང་དབྱང་གི་རྗེས་སུ་དམ་པོར་འབྲངས་པའི་དྲིན་གཟོའི་བསམ་པ་དང་འབད་བརྩོན་གྱི་ཕུགས་འདུན་རྒྱུན་ཆད་མེད་པར་གཅིག་སྒྲིལ་བྱས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྫོགས་མེད་ཀྱི་སྒུལ་ཤུགས་སུ་བསྒྱུར་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་མཚོ་སྔོན་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ་འབྲས་བུ་སྨོན་པར་ནན་ནན་ཏིག་ཏིག་གིས་སྐུལ་འདེད་གཏོང་དགོས། ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་བརྩོན་ལེན་བྱ་དགོས་ན། ངེས་པར་དུ་དམིགས་འབེན་དམ་འཛིན་བྱས་ནས་ལྷོད་གཡེང་མི་བྱེད་པ་དང་། འཆར་འགོད་དོན་འཁྱོལ་བྱེད་པར་འབད་བརྩོན་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་རྒྱུར་དམ་པོར་དམིགས་ནས། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ་དང་། གནད་ཆེ་བ་དམ་འཛིན་དང་གནད་མི་ཆེ་བ་ཟུར་འདོག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། སྲུང་སྐྱོབ་དང་འཕེལ་རྒྱས། དམངས་འཚོ། བདེ་འཇགས་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་འཕེལ་རྒྱས་ནི་དཔལ་འབྱོར་འཕར་བའི་མྱུར་ཚད་ཁོ་ན་དོན་གཉེར་བྱེད་པ་མ་ཡིན་པར། སྐྱེ་ཁམས་སྲུང་སྐྱོབ་དང་ལས་ཞུགས་ཡོང་འཕར། མི་རིགས་མཐུན་སྒྲིལ་བཅས་ཀྱི་འདུ་ཤེས་སྔར་ལས་ལེགས་པའི་སྒོ་ནས་དོན་འཁྱོལ་བྱས་ཏེ། དངོས་སྒྲུབ་དང་གྲུབ་འབྲས་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས་མཚོ་སྔོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་བརྩོན་གྱིས་བསྐྲུན་དགོས། ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་བརྩོན་ལེན་བྱ་དགོས་ན། ངེས་པར་དུ་སྲིད་ཇུས་ཀྱི་ཁེ་ཕན་དང་བཅོས་སྒྱུར་གྱི་སྒུལ་ཤུགས་བེད་སྤྱོད་གང་ལེགས་དང་ཆེར་བསྐྱེད་བྱ་དགོས། ནོར་སྲིད་སྲིད་ཇུས་བཟང་པོ་དོན་འཁྱོལ་བྱེད་པའི་ཐད་འགྲོས་སྤོར་སྤུས་འདེགས་བྱེད་པ་དང་། འོས་འཚམ་ལྷོད་གཡེང་གི་དངུལ་ལོར་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཐད་མཐུན་སྦྱོར་ཤུགས་སྣོན་བྱེད་པ། སྲིད་ཇུས་དོན་འཁྱོལ་བྱེད་པའི་ཐད་འབད་བརྩོན་གང་ལེགས་བྱས་ཏེ། མཚོན་རྟགས་རང་བཞིན་གྱི་བཅོས་སྒྱུར་བྱེད་ཐབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་གསར་གཏོད་བྱས་ནས། བྱ་བ་སྔ་མོ་ནས་དམ་འཛིན་བྱས་ཏེ་བྱེད་ཐབས་སྤྱོད་ཚད་ཇེ་མགྱོགས་དང་ནུས་ཤུགས་འདོན་ཚད་ཇེ་ཆེར་བཏང་སྟེ། སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་འདོན་པ་དང་། བྱེད་ཐབས་སྣ་ཚོགས་ལ་ཕན་འབྲས་དངོས་སུ་ཐོན་པར་བྱེད་དགོས། ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་བརྩོན་ལེན་བྱ་དགོས་ན། ངེས་པར་དུ་བྱ་བ་སྒྲུབ་འདོད་པ་དང་། བྱ་བ་སྒྲུབ་ཐུབ་པ། བྱ་བ་སྒྲུབ་མཁས་པ་བཅས་ཀྱི་རྣམ་པ་བཟང་པོ་སྔར་ལས་ལྷག་པའི་སྒོ་ནས་ཆགས་པར་བྱ་དགོས། མཚོ་སྔོན་གྱི་ལས་བྱེད་པས་བྱ་བ་སྒྲུབ་འདོད་པ་དང་། བྱ་བ་སྒྲུབ་ཐུབ་ལ། བྱ་བ་འགྲུབ་ཀྱང་ཐུབ་པ་ལག་ལེན་ལས་ལག་ལེན་ལས་ར་སྤྲོད་བྱུང་ཡོད། རྙིང་ཞེན་བག་འཁུམ་དང་ངན་རུལ། ད་ལྟའི་གནས་བབ་ལ་ཡིད་ཚིམ་པའི་མིག་རྒྱང་ཐུང་བའི་བྱ་སྤྱོད་དག་མཐའ་གཅིག་ཏུ་འདོར་བ་དང་། འགན་འཁུར་མི་ཕོད་པ་དང་འགལ་བར་གཡོལ་བ། འགོར་འགྱངས་བྱེད་པ་བཅས་ཀྱི་དཀའ་ངལ་ལ་སྐྲག་པའི་སེམས་ཁམས་མཐའ་གཅིག་ཏུ་འདོར་བ། ཁྲལ་མངོན་སླ་བཅོས་དང་ཉི་མ་འཁྱོལ་ཐབས་བྱེད་པ། ལྷོད་གཡེང་ངལ་གསོ་བཅས་ཀྱི་སེམས་ཁམས་མཐའ་གཅིག་ཏུ་དོར་ནས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་བྱས་ཏེ། “དགྲ་ལམ་ཐུག་བྱུང་ན་དཔའ་བོ་རྒྱལ་བའི”ཆོད་སེམས་དང་བློ་སྤོབས་ལ་བརྟེན་ནས་ལས་དོན་གསར་པ་ཞིག་སྒྲུབ་སྟེ་གནས་བབ་གསར་པ་ཞིག་བསྐྲུན་དགོས།
ཚང་འཛོམས་གྲོས་ཚོགས་ལས་ད་ལོའི་ཞིང་ཆེན་ཡོངས་ཀྱི་བྱ་བར་སྤྱིའི་བླང་བྱ་བཏོན་པ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ནས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་མགྱོགས་མྱུར་སྒོས་འདྲེས་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བྱེད་པ། བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་སྒོ་འབྱེད་རྒྱ་ཆེར་གཏོང་བ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་རྒྱུན་འཁྱོངས་བཅས་བྱས་ཏེ། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་བརྩོན་ལེན་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱིལྕགས་རི་གལ་ཆེན་བསྐྲུན་ནས་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་རྒྱུན་འཁྱོངས་བྱེད་པ། སྤྱོད་བཟང་སྲོལ་གཙང་གི་ཆབ་སྲིད་སྐྱེ་ཁམས་སྲ་བརྟན་དུ་གཏོང་བ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་དང་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོ་རྩོམ་པར་རྨང་གཞི་བརྟན་པོ་བཏིང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་རྩོམ་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གཙོ་གནད་བྱ་བར་དམིགས་ཏེ་མཁྲེགས་གཏོར་དཀའ་སེལ་བྱ་དགོས། “རྒྱལ་དོན་གྱི་ཆེ་ཕྱོགས”ཡིད་ལ་དམ་པོར་བཅངས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་རྐྱེན་སྲོལ་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་གཅིག་གྱུར་ཡོང་བར་བྱས་ཏེ། “ཀྲུང་ཧྭའི་ཆུ་མཛོད”ཉིན་རེ་བཞིན་སྲ་བརྟན་དང་ཕུན་སུམ་ཚོགས་པར་ཁག་ཐེག་བྱས་ནས། རི་སྔོ་ཆུ་དྭངས་དེ་དངོས་གནས་མཚོ་སྔོན་གྱི་ཁྱད་སྟོབས་ཆེན་པོ་དང་ང་རྒྱལ་དུ་འགྱུར་བར་བྱེད་དགོས། ནུས་ལྡན་གྱི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱ་སྐྱེད་བཏང་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་སྒུལ་ཤུགས་གསར་པ་བསྐྲུན་དགོས། འཛད་སྤྱོད་རྒྱ་སྐྱེད་གཏོང་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ཏེ། “གསར་པ་གཉིས”ཀྱི་སྲིད་ཇུས་བེད་སྤྱོད་གང་ལེགས་བྱེད་པ་དང་། འཛད་སྤྱོད་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ། འཛད་སྤྱོད་ཀྱི་འདོད་བློ་དང་རིམ་པ་མཐོ་རུ་གཏོང་བ། མ་དངུལ་ནུས་ལྡན་སྒོས་གཏོང་བ་དེ་འདེགས་སྐྱོར་གལ་ཆེན་ཞིག་ཏུ་བརྩིས་ནས། ལས་གཞིའི་འཆར་འགོད་ཀྱི་གནད་འཁེལ་རང་བཞིན་ཆེ་རུ་གཏོང་བ་དང་དངུལ་གཏོང་ལས་གཞི་སྔར་ལས་མང་བོ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆེན་པོའི་ནང་འཇུག་རྒྱུ་བརྩོན་ལེན་བྱས་ནས། ལས་གཞིའི་དུས་མགོའི་བྱ་བ་དང་རིམ་སྤོར་ཞིབ་བཤེར་ལ་ཤུགས་སྣོན་དགོས། ཚོང་འགུག་དངུལ་འདྲེན་དེ་འགག་རྩའི་བྱེད་ཐབས་སུ་བརྩིས་ནས། མཚོ་སྔོན་གྱི་ཁྱད་ཆོས་དང་མཚོ་སྔོན་གྱི་དགེ་མཚན་ལ་གཞི་ཚུགས་ནས་ཕན་ནུས་ལྡན་པའི་སྲིད་ཇུས་རྐྱེན་སྲོལ་ཁག་གཅིག་བཏོན་ཏེ་ས་ཁོངས་ཡོངས་ཀྱི་ཚོང་འགུག་དང་། ཕྱོགས་ཡོངས་ཀྱི་ཚོང་འགུག ཐོན་ལས་ཕྲེང་འབྲེལ་ཡོངས་ཀྱི་ཚོང་འགུག་བཅས་ལ་སྐུལ་འདེད་གཏོང་དགོས། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་བསྡུས་བྱས་ཏེ་མཚོ་སྔོན་གྱི་ཁྱད་ཆོས་དང་ཁྱད་སྟོབས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ཚད་བརྒལ་གསར་པ་མངོན་འགྱུར་ བྱེད་དགོས། ཐོན་ལས་ཀྱི“གནས་བཞི”མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་ཡག་པོར་བསྐྱོད་དེ། ཚྭ་མཚེའུ་ཐོན་ལས་ཀྱིས་ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བྱ་རྒྱུར་དམིགས་ནས། ཐོན་སྐྱེད་བརྟན་པོ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབས་པ་དང་། ནུས་ཁུངས་གཙང་མའི་བདེན་སྲུང་དང་གསར་གཏོད་ལ་དམིགས་ནས། ཁྱབ་རྒྱ་ཆེ་རུ་གཏོང་བ་དང་སྟོབས་ཤུགས་མཐོ་རུ་གཏོང་དགོས། ཐོན་ཁུངས་ཀྱི་ཁྱད་སྟོབས་དེ་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་བསྒྱུར་ནས། སྐྱེ་ཁམས་ཡུལ་སྐོར་འཆར་འགོད་ལ་དམིགས་ཏེ་གནད་ལ་འཁེལ་བའི་སྒོ་ནས་ནུས་ཤུགས་ཆེ་རུ་གཏོང་བ་དང་། མཚོ་སྔོན་ལྷོ་ཕྱོགས་ཀྱི་སྐྱེ་ཁམས་ཡུལ་སྐོར་ཚོད་ལྟའི་ཁུལ་གཙོ་གནད་དུ་འཆར་འགོད་འཛུགས་སྐྲུན་བྱས་ནས། མཐོ་སྒང་གི་བདེ་ཐང་གསོ་སྐྱོང་ཐོན་ལས་མགྱོགས་མྱུར་སྒོས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་འགུལ་སྐྱོད་ཆེན་པོ་བཅུ་ལག་བསྟར་བྱ་རྒྱུར་དམིགས་ནས། ཞིང་ལས་དང་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས་ཀྱི“ལས་རིགས་ལྔ་མཉམ་འདྲེས”ལ་སྐུལ་འདེད་གཏོང་དགོས། ལྗང་མདོག་རྩིས་ནུས་དང་གློག་ཤུགས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གླིང་ཁུལ་འཛུགས་པ་དང་ཁྱུ་ཚོགས་འཕེལ་རྒྱས། གཞི་གྲངས་ལ་བརྟེན་ནས་མཚོ་སྔོན་ལ་རོགས་སྐྱོར་བཅས་གཙོ་གནད་དུ་བཟུང་ནས་མུ་མཐུད་ནུས་ཤུགས་ཆེ་རུ་གཏོང་དགོས། གཞི་གྲངས་དང་ཤེས་རིག་ཅན་གྱི་སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས། ཐོན་ལས་གཞི་གྲངས་ཅན་དུ་འགྱུར་བར་བརྟེན་ནས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཏོད་དགོས། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོ་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་པ། ཕྱི་ཕྱོགས་སྒོ་འབྱེད་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བ། མཚོ་སྔོན་གྱི་རྟགས་མཚན་ལྡན་པའི་བཅོས་སྒྱུར་གྱི་གྲུབ་འབྲས་ཁག་ཅིག་བསྐྲུན་པ། ཚོང་གཉེར་ལ་བརྩེ་བ་དང་ཚོང་པའི་སེམས་བདེ་བར་བྱེད་པའི་ཁོར་ཡུག་བཟང་པོ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐེན་ཤུགས་སྟོབས་ལྡན་ཞིག་ཏུ་འགྱུར་བར་བྱེད་པ་དང་། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་ས་ཁོངས་གལ་ཆེན་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱ་ཆེ་བའི་བར་སྟོང་རྒྱུན་ཆད་མེད་པར་བསྐྱེད་དགོས། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱས་ནས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་ཐད་ཕན་འབྲས་གསར་པ་ལེན་དགོས། གྲོན་ཆུང་གིས་འཚོ་བ་རོལ་བའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། བུ་ལོན་ཐག་གཅོད་ལ་བརྟན་ཞིང་གོ་རིམ་ལྡན་པའི་སྐུལ་འདེད་གཏོང་བ་དང་། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་ཉེན་ཁ་ཐག་གཅོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ས་གནས་དངུལ་རྩའི་རྩ་འཛུགས་ཀྱི“གྲངས་འབོར་ཇེ་ཉུང་དུ་བཏང་ནས་སྤུས་ཚད་ཇེ་མཐོར་གཏོང་བར”གོ་རིམ་ལྡན་པའི་སྐུལ་འདེད་གཏོང་བ། ས་ཁང་བདག་ཁོངས་ཁྲོམ་རའི་འཁོར་སྐྱོད་བཟང་པོར་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། རྣམ་པ་གསར་པའི་མཁར་གྲོང་ཅན་དང་གྲོང་གསེབ་དར་སྤེལ་ལ་གཅིག་གྱུར་སྒོས་སྐུལ་འདེད་བཏང་ནས། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཐད་རྣམ་པ་གསར་པ་མངོན་དགོས། ཟི་ལིང་དང་མཚོ་ཤར་ནི་མ་འོངས་པའི་མཁར་གྲོང་ཅན་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཙོ་བོར་བརྩིས་ནས། མཁར་གྲོང་ཅན་གྱི་སྦས་ཤུགས་ལྡན་པའི་ས་ཁུལ་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཏེ། མཚོ་འཕང་མཐོ་བའི་ས་ཁུལ་གྱི་མི་གྲངས་སྔོན་ལ་གྲོང་ཁྱེར་ཁྱུ་ཚོགས་སུ་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཆེན་པོ་གཏོང་བ་དང་། གྲོང་ཁྱེར་གསར་སྒྱུར་གྱི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་མཁར་གྲོང་གི་བདེ་འཇགས་དང་མཉེན་ཆ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས་བརྟན་བརླིང་དང་འཆམ་མཐུན་གྱི་སྤྱི་ཚོགས་ཀྱི་རྣམ་པ་བསྐྲུན་པའི་ཐད་རྣམ་པ་གསར་པ་མངོན་པར་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་ནས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྔར་ལས་ཚོར་ཐུབ་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། བོད་འབྲེལ་ས་ཁུལ་གྱི་བརྟན་བརླིང་སྲུང་སྐྱོང་བྱ་བའི་རང་འགུལ་དབང་ཆ་དམ་འཛིན་ནན་མོ་བྱས་ཏེ། མཉམ་སྐྲུན་མཉམ་སྤྱོད་ཀྱི་གཞི་རིམ་བཅོས་སྐྱོང་རྣམ་པ་ཆགས་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་དང་བདེ་འཇགས་མཚོ་སྔོན་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་བའི་ཐད་མཐོར་འདེགས་གསར་པ་འབྱུང་བར་བྱེད་དགོས། མཚོ་སྔོན་གྱི་དོན་དངོས་ལ་གཞི་ཚུགས་ནས། ནུས་ཤུགས་གང་ལེགས་འདོན་པ་དང་རང་གི་ནུས་ཚད་ལྟར་ལག་ལེན་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་ལེགས་པོ་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་མཉམ་རང་བཞིན་དང་སྤྱོད་འཐུས་རང་བཞིན་ཆེ་རུ་གཏོང་བ། གནོད་འགོག་གནོད་སེལ་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མཉམ་དུ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་བགྲོད་ལམ་སྟེང་མང་ཚོགས་ཀྱི་བརྟན་འཇགས་ངང་བདེ་སྐྱིད་ལྡན་པར་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྔར་ལས་སྲ་བརྟན་གྱི་མགོ་ཁྲིད་སྟོབས་ཤུགས་སྦྱོང་བརྡར་བྱེད་པ་དང་། སྔར་ལས་རྒྱ་ཁྱབ་ཀྱི་དངོས་སྒྲུབ་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། ལས་སྒྲུབ་དང་ལས་སྐྲུན་གྱི་ནང་གནས་སྒུལ་ཤུགས་བསྐྱེད་པ་དང་། དྲང་ཕྱོགས་ཀྱི་སྐུལ་ལྕག་ནུས་ཤུགས་ཆེ་རུ་གཏོང་བ། ལས་བྱེད་པར་ཡིད་ཆེས་དང་གཅེས་སྐྱོང་གང་ལེགས་བྱས་ཏེ། “ཁུར་པོ་ཇེ་ཡང་དུ་གཏོང་བ”དང“ནུས་སྤྲོད”གཉིས་སྔར་ལས་གཅིག་གྱུར་ཡོང་བར་འཆར་འགོད་བྱས་ནས། ཡང་དག་པའི་མི་བཀོལ་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ་དང་། བྱ་བ་སྒྲུབ་འདོད་པ་དང་བྱ་བ་སྒྲུབ་ཤེས་པའི་ལས་བྱེད་པར་བྱ་བ་སྒྲུབ་ཐུབ་པ་དང་བྱ་བ་འགྲུབ་པར་བྱེད་དགོས། བཅོས་སྒྱུར་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་དགོས་པ་དང་། ཆབ་སྲིད་དཔལ་འབྱོར་རིག་པ་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ། དཔལ་འབྱོར་བྱ་བའི་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། དཔལ་འབྱོར་སྲིད་ཇུས་ལ་ཞིབ་འཇུག་དང་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། འབད་བརྩོན་ཆེ་ཤོས་ལ་བརྟེན་ནས་ཕན་འབྲས་ཆེ་ཤོས་བརྩོན་ལེན་བྱ་དགོས། འགུལ་སྐྱོད་ཕྱོགས་ཁག་དང་དངོས་སྒྲུབ་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་དགོས། ནུས་ཤུགས་ཡོད་ཚད་བྱ་བ་སྒྲུབ་པའི་སྟེང་དུ་འདོན་དགོས་པ་དང་། རྫུན་བཟོ་ཉུང་ཙམ་དང་དངོས་སྒྲུབ་མང་ཙམ་བྱེད་པ། རང་གི་བྱས་རྗེས་དང་རང་གི་མཚན་སྙན་ཙམ་དོན་དུ་མི་གཉེར་བ། ཆོས་ཉིད་དང་མི་འགལ་བ་དང་རྨོངས་ཚོད་ཀྱིས་མི་སྒྲུབ་པར། འགྱུར་ལྡོག་ཡང་དག་པར་ཤེས་པར་བྱེད་པ་དང་འགྱུར་ལྡོག་ལ་ཚན་རིག་དང་མཐུན་པར་བསྟུན་པ། འགྱུར་ལྡོག་རང་འགུལ་གྱིས་བརྩོན་ལེན་བྱེད་པ་བཅས་བྱས་ཏེ། དངོས་སྒྲུབ་དང་ནན་སྒྲུབ། སྒྲུབ་མཁས་བཅས་ཀྱི་ཁྲོད་དུ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་སྲུང་འཛིན་བྱས་ཏེ། བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོ་སྤྱད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ནས། དུས་ནམ་ཡང་ལྷོད་གཡེང་མི་བྱེད་པར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་ནས་རུལ་སུངས་ཀྱི་འབྱུང་རྩ་དང་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་མེད་པར་བཟོས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་བསྐྲུན་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་ལ་དམ་པོར་དམིགས་ཏེ། ཕན་ཡོད་ཀྱི་གོ་སྐབས་ཡོད་ཚད་དམ་འཛིན་དང་། ཕན་ཡོད་ཀྱི་ཆ་རྐྱེན་ཡོད་ཚད་བེད་སྤྱོད། ཕན་ཡོད་ཀྱི་རྒྱུ་རྐྱེན་ཡོད་ཚད་སྐུལ་སློང་བཅས་བྱས་ཏེ། འགན་འཁྲི་ནན་དཀྲི་བྱས་ནས་དོན་འཁྱོལ་དམ་འཛིན་བྱེད་པ་དང་། ཐབས་ཤེས་གསར་གཏོད་བྱས་ནས་དངོས་འབེབ་དམ་འཛིན་བྱེད་པ། གདུབ་ཟུམ་གཙིགས་སུ་བཟུང་ནས་དངོས་འབེབ་དམ་འཛིན་བྱ་རྒྱུར་མཐོང་ཆེན་བྱས་ནས། འགན་འཁྲི་གཙོ་བོ་སེམས་སུ་འཇོག་པ་དང་ཕྲག་སྟེང་དུ་འཁུར་བ། ལག་ཏུ་དམ་འཛིན་བཅས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་དམིགས་འབེན་ལས་འགན་དང་སྲིད་ཇུས་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་དང་། འགན་འཁྲི་གསལ་པོ་དང་ཕྲེང་འབྲེལ་ཆ་ཚང་བ། ལྷུ་ཚིགས་དམ་འབྲེལ་བཅས་ཀྱི་གདུབ་ཟུམ་དོན་འཁྱོལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། གནད་དོན་ཐག་གཅོད་མ་བྱས་ན་ལྷོད་གཡེང་གཏན་ནས་མི་བྱེད་པ་དང་། ཕན་འབྲས་མངོན་གསལ་མ་བྱུང་ན་ལས་མཚམས་མི་འཇོག་པ། ལས་འགན་ལེགས་འགྲུབ་མ་བྱུང་ན་རྩིས་སྤྲོད་མི་བྱེད་པར་ཁག་ཐེག་བྱེད་དགོས། 2024ལོའི་ལོ་མཇུག་དང2025ལོའི་ལོ་མགོར2024ལོའི་ཞིབ་བཤེར་དང་། དཔྱད་ཞིབ། དཔྱད་འཇོག་སོགས་ཀྱི་འབྲེལ་ཡོད་བྱ་བ་སྣ་ཚོགས་ལེགས་པར་སྒྲུབ་དགོས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་འགན་སྲུང་ཡག་པོ་བྱས་ཏེ། དམངས་སྲོལ་དང་ལོ་གསར་སོགས་ལ་དམིགས་ནས་རིག་གནས་བྱ་འགུལ་ཡག་པོར་གཉེར་བ་དང་། 2024ལོའི་ལོ་མཇུག་དང2025ལོའི་ལོ་མགོའི“སྤྱོད་གཙང་འགག་སྒོ”ནན་སྲུང་བྱ་དགོས། དགུན་དུས་ཀྱི་གློག་ཤུགས་འདོན་སྤྲོད་དང་དམངས་འཚོའི་ཚོང་ཟོག་གལ་ཆེན་ཐོན་སྐྱེད་དང་ཕྱིར་ཚོང་། འདོན་སྤྲོད་འགན་ལེན་གྱི་བྱ་བ་ཏན་ཏིག་གིས་ལེགས་པར་སྒྲུབ་སྟེ། འགྲིམ་འགྲུལ་སྐྱེལ་འདྲེན་དང་། ཟས་རིགས་སྨན་རྫས། ཤོག་སྦག བྱ་འགུལ་ཆེ་གྲས་སོགས་ལ་བདེ་འཇགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། གངས་འཁྱགས་སོགས་ཀྱི་གནོད་འཚེ་སྣ་ཚོགས་སྔོན་འགོག་ནན་མོ་དང་། གནོད་འགོག་དང་ཕྱུགས་སྲུང་། དཔྱིད་འདེབས་གྲ་སྒྲིག་སོགས་ཀྱི་བྱ་བ་ཡག་པོར་སྒྲུབ་ནས། དུས་ཚིགས་དང་པོར་གྲུབ་འབྲས་བཟང་པོ་ལེན་མགོ་རྩོམ་པའི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་མགྱོགས་མྱུར་སྒོས་དོན་འཁྱོལ་བྱས་ཏེ། བྱ་བ་སྣ་ཚོགས་ལ་གཅིག་གྱུར་འཆར་འགོད་དང་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་དམ་འཛིན་བྱས་ནས། ལོ་ཧྲིལ་པོའི་མགོ་ཡག་པོ་རྩོམ་པར་ཁག་ཐེག་བྱ་དགོས།
ཚང་འཛོམས་གྲོས་ཚོགས་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཡིད་ཆེས་ཆེར་བསྐྱེད་དང་ངར་ཤུགས་གཅིག་སྒྲིམ། གསར་འབྱེད་གསར་གཏོད། དངོས་སྒྲུབ་བརྩོན་ལེན་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་འབོད་སྐུལ་བཏང་།
ཚང་འཛོམས་གྲོས་ཚོགས་སྟེང《ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པས་བློ་མཐུན་ཀྲའོ་ཞུའེ་ཀྲང་ལ་ཏང་ནང་དུ་ལོ་གཅིག་རིང་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་པའི་སྐོར་གྱི་ཆོད་དོན》ལ་གྲོས་འཆམ་བྱུང་།
ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྲོས་ཚོགས་སུ་ཞུགས། ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་། ཞིང་ཆེན་དམག་ཁུལ་གྱི་འགན་ཁུར་བློ་མཐུན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། གྲོང་ཁྱེར་དང་ཁུལ་གྱི་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་། རྫོང་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོའི་འགན་ཁུར་བློ་མཐུན། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་། མི་དམངས་ཚོགས་པ། མང་ཚོགས་ཚོགས་པ། མཐོ་རིམ་སློབ་གྲྭ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་བཅས་ཀྱི་ཏང་ཙུའུ་དང་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ། རང་ཞིང་གི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མི་དང་། ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་ཁ་ཤས་བཅས་གྲོས་ཚོགས་སུ་ཟུར་ཞུགས་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注