ཞིང་ཆེན་ཡོངས་ཀྱི་ལུགས་རྙིང་ལོ་གསར་སྔ་གཞུག་གི་བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བརྟན་བརླིང་བྱ་བའི་གྲོས་ཚོགས་བསྡུས།
ཟླ1ཚེས8ཉིན། ཞིང་ཆེན་ཡོངས་ཀྱི་ལུགས་རྙིང་ལོ་གསར་སྔ་གཞུག་གི་བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བརྟན་བརླིང་བྱ་བའི་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་འཛུགས་སྐྲུན་དང་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “རྟག་ཏུ་སེམས་བདེ་ནས་མི་འདུག་པའི”འགན་འཁྲིའི་འདུ་ཤེས་ཐོག་ནས་བྱ་བ་སྣ་ཚོགས་དམ་འཛིན་ནན་མོ་དང་ཞིབ་ཕྲ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་བཅས་ལ་ཁག་ཐེག་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་སྤྲོ་སྣང་དང་བདེ་སྐྱིད་ལྡན་པའི་ལུགས་རྙིང་ལོ་གསར་ཞིག་རོལ་ཐུབ་པར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མཇུག་བསྒྲིལ་བའི་ལོ་ཡིན་ལ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་བཀོད་སྒྲིག་བྱེད་པའི་ལོ་ཡང་ཡིན། ལོ་མཇུག་དང་ལོ་མགོར་བྱ་བ་སྣ་ཚོགས་ཀྱི་ལས་འགན་ཧ་ཅང་ལྕི་ལ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཇེ་མང་དུ་འགྲོ་བཞིན་ཡོད་པས། སྤྱི་ཚོགས་བདེ་འཇགས་བརྟན་བརླིང་གི་བྱ་བ་ལེགས་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཉེན་ཁ་དམ་འཛིན་བྱས་ཏེ་ལུགས་རྙིང་ལོ་གསར་སྔ་གཞུག་གི་སྤྱི་ཚོགས་བྱ་འགུལ་གྱི་ཁྱད་ཆོས་དང་འཕེལ་ཕྱོགས་ལ་གཞིགས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྐྱོང་དང་འགོག་སེལ་ལ་སྔར་ལས་ཤུགས་བསྣན་ཏེ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་གནས་ཡུལ་གྱི་བདེ་འཇགས་དྲ་རྒྱ་དམ་ཟབ་བཟོས་ནས། ཞན་ཆ་མགྱོགས་མྱུར་སྒོས་ཁ་གསབ་བྱས་ཏེ་དོན་རྐྱེན་ཚབས་ཆེན་མི་འབྱུང་བའི་ཚད་མཐའ་བརྟན་པོར་སྲུང་དགོས། བཅོས་སྐྱོང་དམ་འཛིན་བྱས་ཏེ་གཞི་རིམ་གྱི་འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་དང་། སྤྱི་ཚོགས་སྟེང་གི་དོ་དམ་དང་ནར་མ་སོན་པའི་མིར་སེམས་ཁུར་དང་གཅེས་སྐྱོང་བཅས་བྱ་རྒྱུར་ཤུགས་བསྣན་ནས། སྤྱི་ཚོགས་བཅོས་སྐྱོང་གི་གཞི་རིམ་རྨང་གཞི་སྲ་བརྟན་དུ་གཏོང་དགོས། གཙོ་གནད་དམ་འཛིན་བྱས་ཏེ་མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་འགོག་སེལ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ། མི་རིགས་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་བརྟན་བརླིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས། བཅོས་སྒྲིག་དམ་འཛིན་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔྱད་ཞིབ་དང་སྐོར་ཞིབ་བྱས་ནས་ཤེས་པའི་གནད་དོན་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན། ཞིང་ཆེན་ཡོངས་ཀྱིས་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་པའི་ཉེན་ཁའི་མངོན་མེད་རྐྱེན་ངན་བཅས་ལ་ཞིབ་བཤེར་བྱས་ནས་རྙེད་པའི་གནད་དོན་ལ་དམིགས་ནས། རང་བཤེར་ནན་ཏན་བྱེད་པ་དང་། རྩིས་ཐོ་ཞིབ་བསྡུར་དང་གནད་དོན་གཙང་སེལ་བྱེད་པ། གནད་དོན་སྔོན་འགོག་དང་ཐག་གཅོད་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་དམ་འཛིན་བྱས་ཏེ། མངོན་བཤེར་དང་ལྐོག་བཤེར་ཟུང་འབྲེལ་བྱེད་པ་དང་། གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པ་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས། བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བརྟན་བརླིང་གི་ཉེན་ཁའི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྒྲིག་བྱེད་པའི་གནད་འགག་གི་རིམ་པ་དང་ཞན་ཆ་ཁ་གསབ་བྱེད་པར་དམིགས་ནས་མཉམ་འབྲེལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། གནད་དོན་གྱི་མངོན་མེད་རྐྱེན་ངན་རྩ་བ་ནས་ལེགས་བཅོས་གནད་ལ་འཁེལ་བ་བྱེད་པར་སྐུལ་འདེད་གཏོང་དགོས། དྲིལ་སྒྲོག་དམ་འཛིན་བྱས་ཏེ་དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་གཙོ་ཁྲིད་དབང་ཆ་དམ་འཛིན་ནན་མོ་བྱས་ནས། སྲང་ལམ་གྱི་ལས་བྱེད་པ་དང་སྡེ་ཁུལ་གྱི་བྱ་བ་སྒྲུབ་མཁན། སྤྱི་ཚོགས་རྩ་འཛུགས། དང་བླངས་པ་སོགས་ཕྱོགས་སོ་སོའི་སྟོབས་ཤུགས་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ། མང་ཚོགས་ལ་ཕྱོགས་པའི་བདེ་འཇགས་སློབ་གསོ་སྣ་ཚོགས་ལ་ཤུགས་བསྣན་ནས། མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་དང་འཕྲལ་བསྟུན་རང་སྐྱོབ་ནུས་པ་ཆེ་རུ་གཏོང་དགོས། འགན་འཁྲི་དམ་འཛིན་བྱས་ཏེ “མགོ་ཁྲིད་དང་པོས”རང་ས་ཁུལ་དང་རང་སྡེ་ཁག་གི་བདེ་འཇགས་བརྟན་བརླིང་གི་འགན་འཁུར་མི་སྣ་དང་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་པ་དང་། ལས་རིགས་སྡེ་ཁག་གིས་ལས་རིགས་དོ་དམ་བྱེད་སྐབས་བདེ་འཇགས་དང་བརྟན་བརླིང་ལ་དོ་དམ་བྱེད་དགོས་པ། ཁེ་ལས་ཀྱིས་བདེ་འཇགས་ཐོན་སྐྱེད་དེ་ཐོན་སྐྱེད་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་དོན་འཁྱོལ་བྱས་ནས། བདེ་འཇགས་ཀྱི་ཚད་མཐའ་ཕྱོགས་ཡོངས་ནས་སྲུང་དགོས།
ལའོ་ཏུང་ཁྲོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུའི་གནས་བབ་བརྡར་གཅོད་དང་བཀོད་སྒྲིག་སྟེང་དངོས་སུ་གཅིག་གྱུར་བྱས་ཏེ། ཁྱབ་ཁོངས་སོ་སོའི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་ཞིབ་དཔྱད་གཏིང་ཟབ་བྱེད་པ་དང་། ཉེན་ཁའི་གསོག་ཚད་ཐག་གཅོད་འོས་འཚམ་བྱས་ཏེ་ཉེན་ཁའི་འཕར་ཚད་ནུས་ཤུགས་ཡོད་རྒུས་ཇེ་དམའ་རུ་བཏང་ནས། ཉེན་ཁའི་འགྱུར་ཚད་ལ་དོ་དམ་ཚོད་འཛིན་ནན་མོ་བྱེད་པ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་གཞི་རིམ་དུ་སེལ་བ་དང་མགོ་མ་བརྩམས་སྔོན་ལ་མེད་པར་བཟོ་དགོས། ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་འགན་འཁྲིའི་འདུ་ཤེས་དང་དགོས་གཏུག་གི་འདུ་ཤེས་ཆེ་རུ་གཏོང་བ་དང་། མངའ་ཁོངས་དོ་དམ་དང་ལས་རིགས་གཙོ་གཉེར། སྡེ་ཁག་གི་ལྟ་སྐུལ་དོ་དམ་བཅས་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། སྤྱི་ཚོགས་ཀྱི་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་དགོས།
གྲོས་ཚོགས་སྟེང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་གིས་ཞིང་ཆེན་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྐྱོང”གི་ཆེད་དོན་བྱ་བར་སྐུལ་འདེད་བཏང་བའི་གནས་ཚུལ་བསྒྲགས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧི་ལུའུ་ཁྲུན་གྱིས་ཞིང་ཆེན་ཡོངས་ཀྱི“འགལ་བ་དང་ཉེན་ཁ་སེལ་བ་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་པའི”ཆེད་དོན་བཅོས་སྐྱོང་དང་དགུན་དཔྱིད་བརྟན་བརླིང་སྲུང་སྐྱོང་བྱ་བར་སྐུལ་འདེད་བཏང་བའི་གནས་ཚུལ་བསྒྲགས། ཟི་ལིང་གྲོང་ཁྱེར་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་གཏམ་བཤད།
གྲོས་ཚོགས་བརྙན་ལམ་ནས་བསྡུས་པ་དང་། ཞིང་ཆེན་གྱི་མགོ་ཁྲིད་ཝང་ཏ་ནན་དང་། པད་ཁོ། ཀྲུའུ་ཞང་ཧྥིན། ལུའི་ཀང་། ལིས་ཧུང་ཡ་བཅས་གྲོས་ཚོགས་གཙོ་བོར་ཞུགས་པ་དང་། གྲོང་ཁྱེརདང་རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注