ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒན་གསོ་ཞབས་ཞུའི་བཅོས་སྒྱུར་དང་འཕེལ་རྒྱས་ཟབ་སྤེལ་གཏོང་དགོས་པའི་སྐོར་གྱི་བསམ་འཆར་ཁྱབ་བསྒྲགས་བྱས།
ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒན་གསོའི་ཞབས་ཞུའི་བཅོས་སྒྱུར་དང་འཕེལ་རྒྱས་ཟབ་སྤེལ་གཏོང་དགོས་པའི་སྐོར་གྱི་བསམ་འཆར》ཞེས་པ་ཁྱབ་བསྒྲགས་བྱས། 《བསམ་འཆར》ནང་རྒན་གསོའི་ཞབས་ཞུའི་བཅོས་སྒྱུར་དང་འཕེལ་རྒྱས་ཟབ་སྤེལ་གཏོང་རྒྱུ་ནི་མི་འབོར་ལོ་ལོན་ཅན་དུ་འགྱུར་བར་ཁ་གཏད་ནུས་ལྡན་འཇལ་བའི། རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག་དང་། དམངས་ཚིས་འགན་སྲུང་དང་ཇེ་ལེགས་སུ་གཏོང་བའི་ལས་འགན་གལ་ཆེན་ཞིག་ཡིན་པར་བརྟེན། མི་དམངས་དུང་ཕྱུར་མང་པོའི་བདེ་སྐྱིད་དང་འབྲེལ་བ་ཡོད་པ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་དང་འབྲེལ་བ་ཡོད་པའི་ལས་དོན་ཞིག་ཡིན།
ནུས་ཤུགས་གང་ཡོད་རྩལ་དུ་བཏོན་ནས་ལག་བསྟར་རྒྱུན་འཁྱོངས་དང་། ཚན་རིག་དང་མཐུན་པའི་སྔོན་དཔག་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་དཔག་བཀོད་སྒྲིག་ཡག་པོ་བཅས་བྱས་ཏེ། རྒན་གསོ་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་གཏོང་བ་དང་ཁྱིམ་སྡོད་རྨང་གཞིར་འཛིན་པ། སྡེ་ཁུལ་རྟེན་གཞི་བྱེད་པ། ལས་ཁུངས་ཀྱིས་ཆེད་ལས་འདེགས་སྐྱོར་བྱེད་པ། སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ་བྱེད་པ་བཅས་ཀྱི་རྒན་གསོ་ཞབས་ཞུའི་མཁོ་སྤྲོད་རྣམ་པ་ཇེ་ལེགས་སུ་གཏོང་བ། ནུས་མེད་ལོ་ལོན་ལྟ་སྐྱོང་གཙོ་གནད་དུ་འཛིན་པའི་གཞི་རྩའི་རྒན་གསོ་ཞབས་ཞུའི་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམ་པ་དང་རིགས་དབྱེ་བ་དང་ཁྱོན་ཡོངས་ལ་ཕན་པར་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པར་བྱེད་པ། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། རྒན་གསོའི་བདེ་ཐང་སྐུལ་འདེད་ལ་ཤུགས་སྣོན་པ། རྒན་གསོ་ཞབས་ཞུའི་ཤོང་ཚད་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་ལས་སྐུལ་སློང་བྱེད་པ། རིམ་པ་མང་བའི་རྒན་གསོའི་ཞབས་ཞུའི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་ཐུབ་པ་བཅས་བྱེད་དགོས།
དམིགས་འབེན་གཙོ་བོ་ནི2029ལོར་སླེབས་སྐབས། རྒན་གསོ་ཞབས་ཞུའི་དྲ་རྒྱ་གཞི་རྩའི་ཆ་ནས་བསྐྲུན་རྒྱུ་དང་། ཞབས་ཞུའི་ནུས་པ་དང་ཆུ་ཚད་མངོན་གསལ་སྒོས་ཆེ་རུ་གཏོང་བ། ཤོང་ཚད་ཆེ་རུ་གཏོང་བ་དང་སྤུས་ཚད་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་འཕེལ་རིམ་མངོན་གསལ་ཅན་དུ་གཏོང་བ། གཞི་རྩའི་རྒན་གསོ་ཞབས་ཞུའི་མཁོ་སྤྲོད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། 2035ལོར་སླེབས་སྐབས། རྒན་གསོ་ཞབས་ཞུའི་དྲ་རྒྱ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཞབས་ཞུའི་མཁོ་སྤྲོད་དང་དགོས་མཁོ་སྔར་ལས་མཐུན་སྦྱོར་དང་འཚམ་པར་བྱེད་པ། ལོ་ལོན་ཡོངས་ལ་གཞི་རྩའི་རྒན་གསོ་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། རང་རྒྱལ་གྱི་གནས་ཚུལ་དང་འཚམ་པའི་རྒན་གསོ་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་བཅས་ཡིན།
《བསམ་འཆར》ནང་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་རིམ་པ་གསུམ་ཅན་གྱི་རྒན་གསོ་ཞབས་ཞུའི་དྲ་རྒྱ་མགྱོགས་མྱུར་འཐུས་ཚང་དུ་གཏོང་བ་དང་། ཁྱིམ་སྡོད་དང་སྡེ་ཁུལ། སྒྲིག་གཞི་བཅས་ཀྱི་རྒན་གསོ་ཞབས་ཞུའི་རྣམ་པ་འབྲེལ་མཐུད་དང་མཐུན་སྦྱོར་བྱེད་པ། རྒན་གསོ་ཞབས་ཞུའི་བྱ་གཞག་ཐོན་ལས་འཕེལ་རྒྱས་གཏོང་བའི་ཕྱོགས་གསུམ་མཐུན་སྦྱོར་ལམ་སྲོལ་འཛུགས་པ། ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་གང་ལེགས་གཏོང་བ་བཅས་བྱས་ཏེ། རྒན་གསོ་ཞབས་ཞུའི་ཐོན་ལས་གཞི་ཁྱོན་ཅན་དང་ཁྱུ་ཚོགས་ཅན། སྤུས་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ལ་དབང་བའི་མ་རྩ་རྒན་གསོ་ཞབས་ཞུ་འཕེལ་རྒྱས་གཏོང་བའི་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་བེད་མེད་དུ་བསྐྱུར་བའི་རྒྱུ་ནོར་སླར་གསོ་བྱས་ནས་རྒན་གསོ་ཞབས་ཞུ་སྤེལ་རྒྱུར་སྐུལ་མ་གཏོང་བ། ཕྱི་རྒྱལ་གྱི་ཚོང་པས་རྒྱལ་ནང་གི་རྒན་གསོ་ཞབས་ཞུའི་ཐོན་ལས་ལ་མ་དངུལ་གཏོང་བར་མ་ཟད། རྒྱལ་དམངས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུར་སྐུལ་མ་གཏོང་བ། ཡུལ་སྡོད་རྒན་གསོ་དམིགས་ཡུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པ་གསལ་འདོན་བྱས།
《བསམ་འཆར》ནང་ད་དུང་ནུས་ལྡན་དང་ཕན་འབྲས་ཆེ་བའི་རྒན་གསོ་ཞབས་ཞུའི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩ་འཛུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནས་ཀྱང་བླང་བྱ་བཏོན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注