མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཟླ་བཅུ་པར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་སྤྱི་གླིང་དངོས་སུ་བཙུགས་ནས་ལོ་གསུམ་འཁོར་བའི་མཚམས་སུ། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་རང་བྱུང་སློབ་གསོའི་རིམ་སྤེལ་དཔེ་ཚོགས《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རང་བྱུང་སློབ་གསོའི་རིམ་སྤེལ་དཔེ་ཚོགས》དཔེ་སྐྲུན་བྱས་ནས་བཀྲམ་ཞིང་། དཔེ་སྐྲུན་བྱས་པའི་དཔེ་ཚོགས་དེ་ནི་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་དངོས་སུ་བསྟར་བའི་བྱ་སྤྱོད་ཅིག་ཡིན་ལ། རྒྱལ་ཁབ་སྤྱི་གླིང་གི་དམངས་ཡོངས་ཀྱི་མཉམ་སྐྲུན་མཉམ་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་གསར་གཏོད་ཀྱི་བྱ་ཐབས་ཤིག་དང་། རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་དང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་དཔེ་མཚོན་གཏོད་པའི་ལག་ལེན་ཞིབ་ཕྲ་ཞིག་ཀྱང་ཡིན་པ་དེས། གཙང་གསུམ་ཆུ་འགོའི་སྐྱེ་ཁམས་རིག་གནས་ཤེས་བྱ་ཁྱབ་གདལ་དང་དམངས་ཚོགས་ཀྱི་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བར་སྐུལ་མ་ནུས་ལྡན་ཐེབས་རྒྱུ་ཡིན་པ་རེད།
རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ལག་བསྟར་ཚོད་ལྟ་བྱེད་ཐེངས་ཐོག་མ་ཡིན་པའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་སྔར་བས་བློ་རྩ་བརྟན་པོ་དང་རང་འགུལ་ངང་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་མཉམ་འདྲེས་དང་ཞབས་འདེགས་ཞུས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཀྱིས“གཙང་གསུམ་ཆུ་འགོ”དང་། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱས་ནས་སྒྱུར་བཅོས་ཀྱི་བྱ་ཐབས་རབ་དང་རིམ་པ་བཏོན་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་སྟེ། སྒྲིག་གཞི་དང་ལམ་ལུགས་ཐད། བྱེད་ནུས་མང་བའི་སྡེ་ཚན་ཟླ་བསྒྲིལ་དང་རང་བྱུང་སྲུང་སྐྱོང་ས་ཆ་བསྡུ་སྒྲིལ་བྱས་ཏེ། འཆར་གཞི་བཀོད་པ་དང་། སྲོལ་ཡིག་བཀྲམ་པ། ཚད་གཞི་དང་དོ་དམ་གྱི་བྱ་ཐབས་མང་པོ་བཟོས་ནས་རྒྱལ་ཡོངས་ལ་ཉམས་མྱོང་བཟང་པོ་བཏོན་ཡོད། སྐྱེ་ཁམས་བཅོས་སྐྱོང་དང་སླར་གསོའི་ཐད། མ་དངུལ་སྒོར་དུང་ཕྱུར་86.61བཏང་ནས་རྣམ་གྲངས་མང་པོ་ལག་ལེན་བསྟར་ཏེ། གཏེར་ཁ་འདོན་དབང་དང་ཆུ་ཤུགས་གློག་ཁང་མེད་པར་བཟོས་པས་སྐྱེ་ཁམས་མ་ལག་སྣ་མང་ཅན་དང་། བརྟན་པོ་ཡོང་བ། རྒྱུན་མཐུད་ཐུབ་པ་བཅས་མངོན་གསལ་དོད་པོ་བྱུང་སྟེ་ནགས་ཚལ་དང་རྩྭ་ར་ཁེབས་ཚད་74%ལྷག་ཙམ་ཟིན་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུ་མང་དུ་སོང་ནས་མཚོ་སྟོང་གི་མཛེས་ལྗོངས་སླར་ཡང་མངོན་ཡོད། མཉམ་སྐྲུན་མཉམ་སྤྱོད་དང་དམངས་འཚོ་ལེགས་སུ་གཏོང་བའི་ཐད། སྐྱེ་ཁམས་དོ་དམ་དང་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་བཙུགས་ཏེ་འབྲོག་པ་ལྟ་སྲུང་བ་མང་དུ་བཏང་བས་ཡོང་འབབ་བརྟན་པོ་བྱུང་ལ། “ཕྱོགས་དྲུག་གཞི་གཅིག”གི་བྱེད་སྟངས་གསར་དུ་བཏོད་པས་ཕྱོགས་གང་ས་ནས་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་ཡོད། སྐྱེ་ཁམས་རིག་གནས་རྒྱུན་འཛིན་ཐད། གླེང་སྟེགས་འཚོགས་པ་དང་། ལས་སྟེགས་མང་པོས་དྲིལ་བསྒྲགས། སྤུས་དག་བརྩམས་ཆོས་མང་པོ་པར་ལེན་བྱས་ནས་བཟོས་པས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྒྱལ་སྤྱིར་མིང་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་ཕྱིན་ཏེ་མཚོ་སྔོན་གྱི་མིང་བྱང་གྲགས་ཅན་དང་ཕྱི་ཕྱོགས་ཡིད་དབང་འགུགས་པའི་བྱང་བུ་ཞིག་ཏུ་གྱུར་ཡོད།
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཤེས་དཔལ་སྒྲིག་གཞི་སྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ཀྱི་གྲངས་འབོར་མང་དུ་སོང་སྟེ། སྐྱེ་ཁམས་ཤེས་དཔལ་སྒྲིག་གཞི་སྒྱུར་བཅོས་ཐད“མཚོ་སྔོན་གྱི་མ་དཔེ”ཞིག་འཚོལ་ཞིབ་ཐུབ་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་བས་སྒྲིག་གཞི་དང་ལམ་སྲོལ་གཏོད་པའི་ཐད་དཔེ་བལྟ་ས་རྩ་ཆེན་ཞིག་བཏོན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注