ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་བསྡུས།
ཟླ12པའི་ཚེས18ཉིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཀྱི་བྱ་བའི་བླང་བྱ་དངོས་འབེབས་དང་། སྲིད་གཞུང་ཏང་ཙུའུ་དང་སྲིད་གཞུང་ཁོངས་གཏོགས་ཀྱི་བྱ་བ་ལག་ལེན་དོན་འཁྱོལ་བྱེད་པར་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་མིག་རྒྱང་རིང་ཞིང་། དགོངས་པ་གཏིང་ཟབ་ལ། ནང་དོན་ཕུན་སུམ་ཚོགས་ཤིང་བརྩོན་སེམས་བསྐྱེད་ཐུབ་ཅིང་། བསམ་བློ་རང་བཞིན་དང་འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་དྲག་པོ་ལྡན་པས། ང་ཚོས་སང་ལོ་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་དཔལ་འབྱོར་བྱ་བ་ཡག་པོར་བསྒྲུབ་པར་དམིགས་འབེན་ཁ་ཕྱོགས་གསལ་སྟོན་གནང་ཞིང་། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་གལ་ཆེན་ཕྱོགས་ཡོངས་ནས་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་ཏེ། གཅིག་འདོམས་ངེས་ཅན་ལྔ་ཡི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ། སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་སྲིད་ཇུས་ཁ་ཕྱོགས། ལས་འགན་གཙོ་བོ་བཅས་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་ཅིང་ཁོང་དུ་ཆུད་པར་བྱས་ཏེ། རིམ་པ་བཞིན་ཚད་སྡུར་དཔེ་ལེན་དང་རིམ་པ་བཞིན་དངོས་འབེབས་ཞིབ་ཚགས་བྱེད་དགོས།
གྲོས་ཚོགས་ལས་རང་འགུལ་སྒོས་ཏང་ཀྲུང་དབྱང་གི་གནས་བབ་ཐད་ཀྱི་ཚན་རིག་གི་བརྡར་གཅོད་བཀོལ་ནས་བསམ་བློ་གཅིག་གྱུར་དང་བློ་རྩ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བྱེད་དགོས་ཏེ། གནས་བབ་ཆེན་པོ་ཁོང་དུ་ཆུད་ཅིང་ཡིད་ཆེས་བརྟན་པོ་བྱེད་པ། སྒྲུབ་པ་མཐའ་འཁྱོལ་དང་འབད་འབུངས་ཡར་བརྩོན་བྱས་ནས། སྲིད་ཇུས་བྱེད་ཐབས་ཇེ་མང་དུ་བཏང་ནས་ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་། རང་ངོས་བྱ་བའི་གཏན་ཁེལ་རང་བཞིན་གྱིས་གནས་བབ་འགྱུར་ལྡོག་གི་ངེས་གཏན་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་དགོས་ཤིང་། རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་བསྐྲུན་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་དམིགས་ཏེ། ཕྲེང་འབྲེལ་ཧྲིལ་བོའི་ཀྲུང་ཧྭ་ཆུ་མཛོད་ཀྱི་སྲུང་སྐྱོབ་པའི་མ་ལག་བཙུགས་ནས། བྱང་གསུམ་བཟོ་བསྐྲུན་གྱི་མཚོན་བྱེད་རང་བཞིན་གྱི་དམག་འཐབ་ཡག་པོར་རྒྱག་དགོས། ཕན་ནུས་མཐོ་བའི་སྒོ་ནས་ཐཱན་མེད་ཐོན་ལས་གླིང་ཁུལ་བཙུགས་ཏེ། རྒྱལ་ཡོངས་ཀྱི་ཐཱན་ཚོང་རའི་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ལྗང་མདོག་ཅན་དུ་ཚུལ་སྒྱུར་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། ཁྱད་ལྡན་དགེ་མཚན་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་དམིགས་ཏེ། ཚན་རྩལ་གསར་གཏོད་ཀྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་། དག་གཙང་ནུས་ཁུངས་མགྱོགས་མྱུར་འཕེལ་རྒྱས། ལྗང་མདོག་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས། དེང་རབས་ཞབས་ཞུའི་ལས་རིགས་ལེགས་སྐྱོང་ཡར་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས། ནུས་ལྡན་དགོས་མཁོ་ཕྱོགས་སོ་སོ་ནས་རྒྱ་བསྐྱེད་པར་དམིགས་ཏེ། ནུས་སྤེལ་འཛད་སྤྱོད་ཀྱི་ཆེད་དོན་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། གསར་བ་གཉིས་ཀྱི་སྲིད་ཇུས་ཡོངས་ཁྱབ་ནུས་ལྡན་སྒོས་ལག་བསྟར་བྱས་ནས། འཛད་སྤྱོད་ཀྱི་སྦས་ཤུགས་སྔོན་འདོན་ཟབ་མོ་དང་འཛད་སྤྱོད་ཀྱི་གསོན་ཤུགས་རྒྱས་པར་བྱེད་དགོས། མི་འདང་ས་གསབ་པ་དང་གཏིང་ཤུགས་བསྐྱེད་པར་དམིགས་ཏེ། གཙོ་བོ་གཉིས་ཀྱི་འཛུགས་སྐྲུན་དམ་འཛིན་བྱས་ནས། དངུལ་གཏོང་ནུས་ལྡན་ཤུགས་ཆེན་པོས་རྒྱ་བསྐྱེད་དགོས། གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། གསར་དར་གྲོང་རྡལ་ཅན་དང་གྲོང་གསེབ་ཀྱི་ཕྱོགས་ཡོངས་དར་རྒྱས་ལ་གཅིག་འདོམས་བྱེད་པ་དང་། སྦས་ཤུགས་ས་ཁུལ་དུ་ཁྱད་ལྡན་ཐོན་ལས་ཀྱི་ཁྱུ་ཚོགས་གསོ་སྐྱོང་དང་རྫོང་ཁོངས་ཀྱི་དཔལ་འབྱོར་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ལྗང་མདོག་སྐྱེ་ལྡན་རྣམ་པའི་ཞིང་ཕྱུགས་སྒྲིག་གཞི་ཅན་དང་ཐོན་ལས་ཅན། ཚོང་ར་ཅན། སྟེགས་བུ་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱེད་པར་དམིགས་ཏེ། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་བྱ་བ་ཡག་པོར་སྒྲུབ་པ་དང་། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་འགན་སྲུང་ཤུགས་དྲག་ཏུ་གཏོང་བ། སློབ་གསོའི་ཐོན་ཁུངས་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་སྤྱི་བའི་ཞབས་ཞུའི་འདོན་སྤྲོད་སྤུས་ཚད་ཇེ་མཐོར་གཏོང་དགོས། བཅོས་སྒྱུར་གཏིང་ཟབ་དང་སྒོ་འབྱེད་རྒྱ་སྐྱེད་ལ་དམིགས་ཏེ། དཔལ་འབྱོར་རྐྱེན་སྲོལ་བཅོས་སྒྱུར་གྱི་སྐུལ་ཁྲིད་བྱེད་ནུས་འདོན་སྤེལ་བྱེད་པ་དང་། རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས། གཞི་གྲངས་སྲིད་གཞུང་འཛུགས་སྐྲུན་སོགས་དམ་འཛིན་བྱས་ནས་བཅོས་སྒྱུར་བྱ་བ་གཙོ་བོ་དངོས་འབེབས་དོན་འཁྱོལ་བྱེད་དགོས། རོགས་འདེགས་མཉམ་ལས་རྐྱེན་སྲོལ་བཀོལ་སྤྱོད་གང་ལེགས་བྱས་ནས། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་ཁྲོད་གཏིང་ཟབ་ཏུ་འདྲེས་པར་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་ནས། ཚོང་འགུག་དངུལ་འདྲེན་གྱི་ནུས་ཚད་ཇེ་ཆེར་གཏོང་དགོས། ཉེན་ཁ་དང་རྐྱེན་ངན་སེལ་བ་དང་སྔོན་འགོག་བྱེད་པར་དམིགས་ཏེ། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་ས་གནས་སྲིད་གཞུང་གི་ཡུབ་གཤིས་དངུལ་བུན་བརྗེ་སྒྱུར་དང་། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པ། འགལ་རྩོད་རིགས་སྣ་ཚོགས་ལ་ཞིབ་བཤེར་ནན་མོ་དང་དེ་མེད་པར་བཏང་ནས། སྤྱི་ཚོགས་སྤྱི་ཡོངས་ཀྱི་འཆམ་མཐུན་བརྟན་འཇགས་རྣམ་པ་སྲུང་འཛིན་བྱ་དགོས། ལོ་མཇུག་དང་ལོ་མགོའི་དཔལ་འབྱོར་འཁོར་སྐྱོད་དང་དམངས་ཚིས་འགན་སྲུང་། བདེ་འཇགས་བརྟན་འཇགས་སོགས་ཀྱི་གཙོ་གནད་ལས་དོན་ཁག་ཡག་པོར་བསྒྲུབ་པར་གཅིག་འདོམས་བྱས་ནས། ད་ལོའི་བྱ་བའི་མཇུག་ཡག་པོར་བསྡུ་བ་དང་སང་ལོའི་བྱ་བའི་མགོ་ཡག་པོ་ཞིག་རྩོམ་པར་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注