ཏེན་ཞུའེ་ཞང་གིས2024ལོའི“ཀྲུང་གོར་རྒྱུས་ལོན་བྱེད”ཅེས་པའི་རྒྱལ་སྤྱིའི་ཚོགས་འདུའི་ཕྱི་རྒྱལ་གྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་།

ཟླ12པའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ། 2024ལོའི“ཀྲུང་གོར་རྒྱུས་ལོན་བྱེད”ཅེས་པའི་རྒྱལ་སྤྱིའི་ཚོགས་འདུའི་ཕྱི་རྒྱལ་གྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་།

ཟླ12པའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ། 2024ལོའི“ཀྲུང་གོར་རྒྱུས་ལོན་བྱེད”ཅེས་པའི་རྒྱལ་སྤྱིའི་ཚོགས་འདུའི་ཕྱི་རྒྱལ་གྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་།

ཏེན་ཞུའེ་ཞང་གིས་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོས་བཅོས་སྒྱུར་མཐར་ཕྱིན་པ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱ་རྒྱུ་ཡིན་ལ། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས། འཛམ་གླིང་རྒྱལ་ཁབ་སོ་སོའི་བར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་ལ་དམ་པོར་དམིགས་ཏེ་དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོར་གཏོང་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ། ཞི་བདེ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་ལ་བརྟན་པོའི་རང་བཞིན་དང་གཏན་འཁེལ་རང་བཞིན་སྔར་ལས་གང་མང་མཁོ་འདོན་བྱེད་དགོས། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་སྒོ་འབྱེད་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་གི་ཞི་བདེ་དོན་གཉེར་བྱེད་པ་བཅས་ཀྱི་ཀྲུང་གོ་ནི་མདུན་ལམ་འོད་སྟོང་ལྡན་པའི་ཀྲུང་གོ་ཞིག་ཡིན་ངེས་གཏན་ཡིན་ཞེས་གསུངས།

ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་ཟུར་པ་མུའུ་ལ་ཐུའུ་དང་པི་ལི་ཧྲི་ཡི་དབུ་བཞུགས་བློན་ཆེན་ཟུར་པ་ལའེ་ཐེ་མུའུ་སོགས་ཀྱིས་གཏམ་བཤད་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ནས། འཛམ་གླིང་གིས“ཀྲུང་གོ་ཤེས་རྟོགས་ཐུབ་པའི”ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号