ཞི་ཅིན་ཕིང་གིས་དུས་རབས་གསར་པའི་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་དུས་རབས་གསར་པའི་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་ནི་ཏང་གི་བསམ་བློའི་གཞུང་ལུགས་འཛུགས་སྐྲུན་གྱི་རྨང་གཞིའི་བཟོ་སྐྲུན་དང་འཐབ་ཇུས་བཟོ་སྐྲུན་ཞིག་རེད། ལོ་ངོ20ཡི་རིང་ལ། བཟོ་སྐྲུན་དེས་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས། སྤུས་ཚད་མཐོ་བའི་ཞིབ་འཇུག་གྲུབ་འབྲས་སྐོར་ཞིག་བཏོན་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་།ཞིབ་འཇུག དྲིལ་བསྒྲགས་བཅས་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མཛུབ་ཁྲིད་གནས་བབ་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་བསྟན།
ཞི་ཅིན་ཕིང་གིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་བདེན་སྲུང་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུར་དམིགས་ཏེ། ནུས་ཤུགས་ཡོད་རྒུས་མ་ལག་ཅན་དང་རིགས་ལམ་ཅན་གྱི་ཞིབ་འཇུག་དང་འཆད་འགྲེལ་གཏིང་ཟབ་ཏུ་གཏོང་བ། སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཧུར་ཐག་གིས་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་གི་གསར་གཏོད་གཞུང་ལུགས་མི་སེམས་སུ་སྔར་ལས་གཏིང་ཟབ་ཏུ་སིམ་རྒྱུར་སྐུལ་འདེད་གཏོང་དགོས། “ཟུང་འབྲེལ་གཉིས”རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ས་གཞི་ཆེན་མོར་གཞི་ཚུགས་པ་དང་། ཀྲུང་ཧྭའི་རིག་གནས་མུ་མཐུད་དུ་རྒྱུན་འཛིན་བྱེད་པ། རིག་གཞུང་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་མགྱོགས་མྱུར་སྒོས་འཛུགས་པ། བྱང་ཚད་མཐོ་བའི་གཞུང་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།
ཟླ11པའི་ཚེས29ཉིན། མར་ཁེ་སི་རིང་ལུགས་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་གྱི་བྱ་བའི་གྲོས་ཚོགས་པེ་ཅིང་དུ་བསྡུས། གྲོས་ཚོགས་ལས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།
ཟླ11པའི་ཚེས29ཉིན། མར་ཁེ་སི་རིང་ལུགས་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་གྱི་བྱ་བའི་གྲོས་ཚོགས་པེ་ཅིང་དུ་བསྡུས། གྲོས་ཚོགས་ལས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།
ཚའེ་ཆི་ཡིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་གྱི་གནས་བབ་དང་ནུས་པ་རྒྱས་བཤད་གཏིང་ཟབ་གནང་བ་དང་། བདེན་སྲུང་གསར་སྐྲུན་རྒྱུན་འཁྱོངས་བྱས་ཏེ་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་། ཞིབ་འཇུག དྲིལ་བསྒྲགས་བཅས་ལ་སྐུལ་འདེད་གཏོང་བའི་ལས་འགན་དང་བླང་བྱ་གསལ་བོ་བཏོན་ལ། “ཟུང་འབྲེལ་གཉིས”རྒྱུན་འཁྱོངས་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་རེ་བ་ནན་མོ་བཏོན་པས། དུས་རབས་གསར་པའི་བཟོ་སྐྲུན་ལག་བསྟར་བྱ་རྒྱུར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས་ཡོད།
ཚའེ་ཆི་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དགོངས་པར་བརྟེན་ནས་ཏང་འཛུགས་སྐྲུན་དང་། གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ལྡན་དུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུར་དམིགས་ནས། རྣམ་བཤད་གལ་ཆེན་རབ་དང་རིམ་པ་བཏོན་ཏེ། མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན་གྱི་གནད་དོན་ལ་ལན་གཏིང་ཟབ་གནང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་དམིགས་འབེན་དང་། གཞི་རྩའི་རྩ་དོན། རྩ་བའི་ལས་འགན། གཙོ་གནད་བྱ་བ་བཅས་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་ཡོད། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ཏེ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་གཞི་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས།
ཚའེ་ཆི་ཡིས་ནན་གྱིས་བསྟན་དོན། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་གསར་གཏོད་བྱེད་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ཞིབ་འཇུག དྲིལ་བསྒྲགས་བཅས་བྱ་རྒྱུ་དེ་རྩ་བའི་ལས་འགན་དུ་བརྩིས་ནས། སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་མཐོར་གཏོང་བ་དང་། མ་ལག་ཅན་དང་རིགས་ལམ་ཅན་གྱི་ཞིབ་འཇུག་དང་འཆད་འགྲེལ་གཏིང་ཟབ་བྱེད་པ། དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི་ཡིད་དབང་འགུག་ནུས་ཇེ་ཆེར་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པར་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་བྱེ་བྲག་གི་དོན་དངོས་གནད་དོན་ལ་ལན་ཟབ་མོ་འདེབས་པ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་པ། རྒྱུན་ཆད་མེད་པར“ཟུང་འབྲེལ་གཉིས”ལ་ཞིབ་འཇུག་དང་ཁོང་དུ་ཆུད་པར་ཤུགས་སྣོན་པ་བཅས་བྱས་ཏེ། གཞུང་ལུགས་གསར་སྐྲུན་གྱི་གསོན་ཤུགས་རྒྱུན་མཐུད་ངང་བསྐྱེད་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་ཀྱི་བླང་བྱ་དང་འཚམ་ཞིང་ཀྲུང་གོའི་དོན་དངོས་ལ་རྐང་བཙུགས་ཏེ། མཚོན་རྟགས་རང་བཞིན་གྱི་གོ་དོན་དང་ཐོག་མའི་གསར་སྐྲུན་རང་བཞིན་གྱི་གཞུང་ལུགས་མ་ལག་ཆ་ཚང་སྒོས་ཞུན་བརྡར་དང་སྤྱི་བསྡོམས་བྱེད་པ་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བརྟེན་ཤེས་བྱའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྐུལ་ལྕག་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གཞུང་སྐྱེ་ཁམས་བཟང་པོ་སྐྲུན་པ་བཅས་བྱས་ནས་གཅིག་གྱུར་གྱི་འཆར་འགོད་ནུས་ལྡན་དང་། དོ་དམ་ཚན་རིག་དང་མཐུན་པ། གསར་སྐྲུན་ལ་སྐུལ་མ་གཏོང་བ་བཅས་ཀྱི་བྱ་བའི་རྣམ་པ་གང་མགྱོགས་ཀྱིས་ཆགས་པར་བྱ་དགོས།
ལིས་ཧྲུའུ་ལེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཧྲིན་དབྱི་ཆིན་གྲོས་ཚོགས་སུ་ཞུགས།
ཀྲུང་དབྱང་ཏང་གི་སློབ་གྲྭ་དང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་། སློབ་གསོ་པུའུ། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་བཅས་ཀྱི་འགན་འཁུར་བློ་མཐུན་དང་། བཟོ་སྐྲུན་བློ་འདྲི་ཨུ་ཡོན་གྱི་འཐུས་མི། གཞུང་ལུགས་ལས་དོན་སྟེགས་བུའི་འཐུས་མི། འབྲེལ་ཡོད་ཆེད་མཁས་པ་བཅས་ཀྱིས་བརྗེ་རེས་གཏམ་བཤད་གནང་།
ཀྲུང་དབྱང་དྲིལ་བསྒྲགས་བསམ་བློ་རིག་གནས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། བཟོ་སྐྲུན་གཙོ་གཉེར་ལས་ཁུངས། ཀྲུང་དབྱང་དྲིལ་བསྒྲགས་རིག་གནས་ལས་ཁུངས། འབྲེལ་ཡོད་མི་དམངས་ཚོགས་པ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། བཟོ་སྐྲུན་བློ་འདྲི་ཨུ་ཡོན་དང་ཆེད་མཁས་པ། ས་གནས་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་སློབ་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གྲོས་ཚོགས་སུ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注