ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་དུས་ཆེན་དང་རྗེས་དྲན་ཉིན་མོའི་གནང་བ་གཏོང་ཐབས་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་ཆོད་དོན་ཁྱབ་བསྒྲགས་བྱས།

ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་དུས་ཆེན་དང་རྗེས་དྲན་ཉིན་མོར་གནང་བ་གཏོང་ཐབས་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་ཆོད་དོན་ཁྱབ་བསྒྲགས་བྱས་ཤིང་། དེ2025ལོའི་ཟླ1ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། ཆོད་དོན་དེར་བསྡོམས་པས་དོན་ཚན་གཉིས་ཡོད་དེ། གཙོ་བོ་གཤམ་གྱི་ནང་དོན་ཁག་གཏན་འབེབས་བྱས་ཡོད།

གཅིག སྤྱི་དམངས་ཡོངས་ལ་གནང་བ་གཏོང་བའི་ཉིན་གྲངས་ཉིན་གཉིས་གསར་སྣོན་བྱས་པ་སྟེ། ལུགས་རྙིང་ལོ་སར་གྱི་གནམ་གང་དང་། ཟླ5པའི་ཚེས2ཉིན་གཉིས་གསར་དུ་བསྣན། ཁ་སྣོན་བྱས་རྗེས་ལུགས་རྙིང་ལོ་སར་ལ་ཉིན་བཞིའི་གནང་བ་ཡོད་དེ། གནམ་གང་དང་། ལོ་སར་ཚེས་གཅིག་ཉིན་ནས་ཚེས་གསུམ་ཉིན་བར་རེད།   ངལ་རྩོལ་དུས་ཆེན་ལ་ཉིན་གཉིས་ཀྱི་གནང་བ་སྟེ་ཟླ5པའི་ཚེས1ཉིན་ནས་ཚེས2ཉིན་བར་རེད།

གཉིས། སྤྱི་དམངས་ཡོངས་ལ་གནང་བ་གཏོང་བའི་ཉིན་གྲངས་དེ། གཅིག་གྱུར་སྒོས་གནང་བ་སྟེར་བ་དང་ངལ་གསོ་བ་གཉིས་ལུགས་མཐུན་སྒོས་བཀོད་སྒྲིག་བྱས་ཆོག་ལ། ལོ་རེའི་ཕོགས་ལྡན་གུང་གསེང་སོགས་ཀྱི་ལམ་ལུགས་དངོས་འབེབས་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས། དུས་ཡུན་ཅུང་རིང་བའི་གནང་བ་གྲུབ་པར་བྱ་ཆོག དམིགས་བསལ་གྱི་གནས་ཚུལ་མ་གཏོགས། ཁྲིམས་བཅད་ཀྱི་དུས་ཆེན་དང་གུང་གསེང་གི་གནང་བའི་སྔ་རྗེས་སུ་སྤྱིར་བཏང་རྒྱུན་མཐུད་ངང་བྱ་བ་སྒྲུབ་ཡུན་ཉིན་དྲུག་ལས་བརྒལ་མི་རུང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号