ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་འགའི་སྔོན་བཀའ་རྒྱར་མཚན་རྟགས་བཀོད་ནས《གྲ་སྒྲིག་དམག་ཞབས་མི་སྣར་དོ་དམ་བྱེད་པའི་གནས་སྐབས་ལག་བསྟར་སྲོལ་ཡིག》ཁྱབ་བསྒྲགས་བྱས།

《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲ་སྒྲིག་དམག་ཞབས་མི་སྣའི་བཅའ་ཁྲིམས》དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་རྒྱུར་དམིགས་པ། ཕྱོགས་སྟོན་ཁ་གསལ་དང་། རིམ་པ་ཁ་གསལ། བརྒྱུད་རིམ་ཆ་ཚང་བཅས་ཀྱི་དུས་རབས་གསར་པའི་གྲ་སྒྲིག་དམག་ཞབས་མི་སྣའི་དོ་དམ་ལམ་ལུགས་མ་ལག་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་པ། གྲ་སྒྲིག་དམག་ཞབས་མི་སྣ་འདེམས་སྒྲུག་ཁ་གསབ་དང་། གོ་གནས་སྤྲོད་པ། ལས་གནས་དང་ལས་འགན་བསྐོ་སྤྱོད། སློབ་གསོ་གསོ་སྦྱོང་། དཔྱད་ཞིབ། ཐོབ་ཐང་འགན་ལེན། གྲ་སྒྲིག་དམག་ཞབས་ནས་ཕྱིར་འཐེན་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་གྲ་སྒྲིག་དམག་ཞབས་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་ཆེད་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

《གྲ་སྒྲིག་དམག་ཞབས་མི་སྣའི་དོ་དམ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་པ་དེ་ནི་དམག་དོན་མི་ཤུགས་ཐོན་ཁུངས་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། དེས་གྲ་སྒྲིག་དམག་ཞབས་མི་སྣའི་དོ་དམ་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གྲ་སྒྲིག་དམག་ཞབས་མི་སྣའི་དཔུང་ཁག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号