ཀྲའོ་ལི་ཅི་ཡིས་འགོ་འཛིན་གནང་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་སོ་གཉིས་པ་བསྡུས།
ཟླ10པའི་ཚེས25ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་སོ་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་འཚོགས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་འདུར་འགོ་འཛིན་གནང་། ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟླ11པའི་ཚེས4ཉིན་ནས་ཚེས8ཉིན་བར་པེ་ཅིང་དུ་འཚོགས་རྒྱུའི་གཏན་འབེབས་བྱས།
ཨུ་ཡོན་ཀྲང་གི་ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་སྟེང་དུ། སློབ་ཞུགས་སྔོན་གྱི་སློབ་གསོའི་བཅའ་ཁྲིམས་མ་ཡིག་དང་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བཟོ་བཅོས་མ་ཡིག གཏེར་རྫས་ཐོན་ཁུངས་བཅའ་ཁྲིམས་ཀྱི་བཟོ་བཅོས་མ་ཡིག ནུས་ཁུངས་བཅའ་ཁྲིམས་ཀྱི་མ་ཡིག ནག་དངུལ་དཀར་སྒྱུར་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་བཟོ་བཅོས་མ་ཡིག མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རིམ་པ་སོ་སོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས་བཟོ་བཅོས་མ་ཡིག་བཅས་ལ་གྲོས་ཞིབ་བྱ་རྒྱུའི་གྲོས་འགོ་བཏོན་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཚོགས་འདུར་འཐུས་མིའི་བཅའ་ཁྲིམས་ཀྱི་བཟོ་བཅོས་མ་ཡིག་གྲོས་ཞིབ་བྱ་རྒྱུར་འབུལ་བའི་སྐོར་གྱི་གྲོས་གཞི་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདུམ་གཅོད་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་བའི་སྐོར་གྱི་གྲོས་གཞི། མཚོ་ཐོག་ཚོང་དོན་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་བའི་སྐོར་གྱི་གྲོས་གཞི། ཚན་རིག་ལག་རྩལ་ཁྱབ་བརྡལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་འབུལ་བའི་སྐོར་གྱི་གྲོས་གཞི། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཚོང་གཉེར་ཁོར་ཡུག་གསར་གཏོད་ཚོད་ལྟའི་གྲོང་ཁྱེར་དུ་ཚད་འཇལ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གནས་སྐབས་ལེགས་སྒྲིག་དང་འོས་འཚམ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་དབང་ཆ་འགོར་འགྱངས་གཏོང་བའི་སྐོར་གྱི་གྲོས་གཞི། རྒྱལ་སྲིད་སྤྱི་ཁྱམབ་ཁང་གི《〈བེད་མེད་དངོས་པོ་གང་སར་འཕེན་པ་དང་དངོས་པོ་གཞན་དག་རྒྱ་མཚོའི་ནང་འཕངས་ཏེ་རྒྱ་མཚོའི་སྦགས་བཙོག་སྔོན་འགོག་བྱེད་པའི་སྤྱི་ཆིངས》ཀྱི1996ལོའི་གྲོས་ཆོད་ཡི་གེའི〉བཙོག་ཆུ་དང་འདམ་སྙིགས་ཀྱི་བཟོ་བཅོས་ཡི་གེ》ལ་གྲོས་ཞིབ་དང་ཆོག་མཆན་གནང་རྒྱུར་ཕུལ་བའི་གྲོས་གཞི་བཅས་ཀྱི་བསམ་འཆར་བཏོན།
ཨུ་ཡོན་ཀྲང་གི་ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་ལས་རིམ་བཀོད་སྒྲིག་སྐོར་ནས་སྙན་ཞུ་ཕུལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་། རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་འབྲེལ་ཡོད་གྲོས་དོན་སོགས་ཀྱི་སྐོར་ནས་སྙན་ཞུ་ཕུལ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注