འདིའི་ཐད་ཕྱོགས་ཡོངས་ནས་རྡུང་རྡེག་དྲག་པོ་གཏོང་རྒྱུ་རེད།
གསར་འགོད་པས། ཉེ་ཆར་འཚོགས་པའི་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་རྐུ་འཕྲོག་སླུ་གསུམ་གྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ལས་དོན་གྱི་ཡུལ་དངོས་སུ་ཚོགས་འདུ་འཚོགས་པའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ཤེད་ཤུགས་ཆེན་པོར་བརྒྱབ་ནས། ཐབས་མང་མཉམ་སྤྱོད་བྱས་ཏེ་རྐུ་འཕྲོག་སླུ་གསུམ་སོགས་ཐོན་མང་བའི་ཉེས་གསོག་ལ་ཐོག་མཐའ་བར་གསུམ་དུ་མཐོ་གནོན་ཟིལ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ཚོགས་འདུའི་ཐོག་བསྟན་དོན། ད་ལྟའི་རྐུ་འཕྲོག་སླུ་གསུམ་གྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བར་འཕྲད་པའི་རྙོག་འཛིང་ཆེ་བའི་གནས་བབ་དང་གནས་ཚུལ་གསར་པ། གནད་དོན་གསར་པ་བཅས་ལ་དམིགས་ནས་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བའི་བྱེད་ཕྱོགས་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ། ཁང་པའི་ནང་འཛུལ་ནས་རྐུ་རྒྱག་པ་དང་ཁྲོམ་གཞུང་དུ་རྐུ་རྒྱག་པ། རླངས་འཁོར་དང་འབྲེལ་བ་ཡོད་པའི་རྐུ་རྒྱག་པ། ཁ་བསླུས་རྒྱག་པ་སོགས་ཐོན་མང་བའི་རྒྱུ་ནོར་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ནུས་ཤུགས་ཡོད་རྒུས་འགོག་གནོན་བྱེད་པ་དང་། རྒྱུ་ནོར་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གསར་པར་ཕྱོགས་ཡོངས་ནས་རྡུང་རྡེག་དང་དག་ཐེར་བྱས་ནས། ཐོན་མང་བའི་འཕེལ་ཕྱོགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།
ཚོགས་འདུའི་ཐོག་སྤྱི་པའི་རྒྱུ་ནོར་ལ་གནོད་འཚེ་དང་། པུའུ་ཨུད་དང་ཀྲུང་དབྱང་ཁེ་ལས་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཡིན་དོགས་བྱས་ནས་ཁ་བསླུས་རྒྱག་པ། མི་རིགས་ཀྱི་རྒྱུ་ནོར་བསྡམས་བཅད་རིགས་ཀྱི་ཁ་བསླུས་རྒྱག་པ། “དངུལ་བརྗེས་ཏང་”དང་དེ་བཞིན་བསྐྱར་འགྱུར་ཉེས་གསོག་སོགས་ལ་རྡུང་རྡེག་དང་དག་ཐེར་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཞིབ་བཤེར་མཐིལ་རྟོགས་དང་རྡུང་རྡེག་ནུས་ལྡན་གཏོང་དགོས་པའི་བླང་བྱ་བཏོན་ཡོད། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་དོན་འཁྱོལ་ནན་པོར་བྱས་ཏེ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒོ་བྱང་བཀལ་ནས་སྒྲུབ་སྐུལ་དང་ཁྱུ་ཚོགས་ཀྱིས་འཐབ་པ་དང་སྔོན་འགོག་གི་དྲིལ་བསྒྲགས་སོགས་པའི་ལས་དོན་སྤེལ་ཤུགས་སྔར་ལས་ཆེ་རུ་བཏང་ནས། སྤུས་ཚད་མཐོ་བའི་སྒོ་ནས་ལས་འགན་ཁག་ལེགས་སྒྲུབ་ཐུབ་པའི་འགན་སྲུང་བྱེད་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注