ཞིང་ཆེན་དབང་པོ་སྐྱོན་ཅན་ལས་འཛིན་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་ཐག་གཅོད་བྱས།

ཟླ10པའི་ཚེས21ཉིན་བར། ཞིང་ཆེན་ཡོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་དངོས་བཀོལ་ལག་རྩལ་གསབ་སྦྱོང་མ་དངུལ་ས་ཡ་གསུམ་བཏང་བ་དང་། གསབ་སྦྱོང་མི་ཐེངས་སྟོང་གཉིས་དང་གསུམ་བརྒྱ་སྤེལ་ཞིང་། གནད་འཁེལ་ལུས་གསོའི་ཞབས་ཞུར་མ་དངུལ་བྱེ་བ་བཞི་དང་ས་ཡ་གསུམ་དང་འབུམ་ལྔ་དང་ཁྲི་དྲུག་སྟོང་བདུན་བཏང་བ་དང་། གནད་འཁེལ་ལུས་གསོའི་མི་ཁྲི་གསུམ་ལྷག་ལ་སླེབས་ཤིང་། ཞབས་ཞུའི་ཚད་བརྒྱ་ཆའི་དགུ་བཅུ་ལས་བརྒལ་ཡོད། ཁྱིམ་ཚང་གི་གེགས་མེད་བསྒྱུར་བཀོད་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་དགུ་བཏང་བ་དང་། ཁྱིམ་ཚང་སྟོང་གཅིག་དང་བརྒྱད་བརྒྱ་དོན་བརྒྱད་བསྒྱུར་བཀོད་ལེགས་འགྲུབ་བྱུང་ཞིང་། དབང་པོ་སྐྱོན་ཅན་གྱི་གཞིས་སྡོད་འཚོ་བའི་ནུས་པ་མངོན་གསལ་སྒོས་མཐོར་འདེགས་བྱུང་།

ད་ལོའི་ཚུན་ལ། ཞིང་ཆེན་དབང་པོ་སྐྱོན་ཅན་ལས་འཛིན་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་ཁག་གཉིས་དང་གསོ་བཅོལ་ཞབས་ཞུ་སོགས་དབང་པོ་སྐྱོན་ཅན་ལ་རོགས་འདེགས་བྱེད་པ་དང་དབང་པོ་སྐྱོན་ཅན་ཕན་པའི་སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ་དང་། དབང་པོ་སྐྱོན་ཅན་གྱིས་སྲིད་ཇུས་ལ་རྒྱུས་ལོན་བྱེད་ཚད་ཇེ་མཐོར་བཏང་ཡོད། གསོ་བཅོལ་ཞབས་ཞུའི་མ་དངུལ་བྱེ་བ་གཅིག་དང་ས་ཡ་གཅིག་ཁྲི་གཅིག་བཏང་ནས། དབང་པོ་སྐྱོན་ཅན་གྱི་གསོ་བཅོལ་ཞབས་ཞུའི་ལས་གཞི་སྤེལ། དབང་པོ་སྐྱོན་ཅན་གྱི་གསོ་བཅོལ་ཞབས་ཞུའི་ལས་ཁུངས་དོན་དྲུག་བཙུགས་ནས། དབང་པོ་སྐྱོན་ཅན་སྟོང་གསུམ་དང་དྲུག་བརྒྱར་གསོ་བཅོལ་ཞབས་ཞུ་འདོན་སྤྲོད་བྱས། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་རྟེན་གཞི་དང་ལས་ཞུགས་རོགས་སྐྱོར་འཁོར་ཁང་ཕན་ཚུན་འོས་སྦྱོར་བྱེད་པར་སྐུལ་འདེད་བཏང་ནས། ལས་ཞུགས་རོགས་སྐྱོར་འཁོར་ཁང་གིས་དབང་པོ་སྐྱོན་ཅན་མི་སྣ་བསྡུ་རུབ་བྱས་ཏེ་ལས་ཞུགས་བྱེད་པར་ཁྲིད་སྟོན་བྱས་པ་དང་། ལོ་འཁོར་གྱི་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་མི་སྣ་སྟོང་གཅིག་དང་བཞི་བརྒྱ་ལྷག་ལ་སླེབས།

ཞིང་ཆེན་དབང་པོ་སྐྱོན་ཅན་ལས་འཛིན་ལྷན་ཚོགས་ཀྱིས་འབྲེལ་གཏུག་རོགས་སྐྱོར་སྡེ་བའི་དབུལ་ཐར་ཁྱིམ་ཚང་དང་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་སྦྲེལ་མཐུད་བྱས་པ་དང་། དཀའ་ཁག་ཆེ་བའི་དབང་པོ་སྐྱོན་ཅན་ལ་སྦྲེལ་མཐུད་བྱས་ཏེ།གཅིག་གཏད་གཅིག་གི་ཆེད་དོན་རོགས་སྐྱོར་སྤེལ་ཞིང་། དབང་པོ་སྐྱོན་ཅན་གྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་ཐག་གཅོད་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号