ཞི་ཅིན་ཕིང་གིས་ཕུའུ་ལཱ་པོ་ཝའོ་ཡིས་ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་གློག་འཕྲིན་བཏང་།

ཟླ10ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུའུ་ལཱ་པོ་ཝའོ་ལ་གློག་འཕྲིན་བཏང་སྟེ། ཁོས་ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱ་ནི་སྲོལ་རྒྱུན་མཛའ་འབྲེལ་གྱི་ཁྱིམ་མཚེས་བཟང་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་སྲིང་བརྟན་པོས་མཐོར་འདེགས་བྱུང་ནས། ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་བསྐྲུན་གྱི་དུས་རིམ་གསར་པར་ཞུགས་ཡོད། སང་ལོ་ནི་ཀྲུང་གོ་དང་ཧན་རྡུ་ཉི་ཞི་ཡཱའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་གོ་སྐབས་གསར་པ་འདོན་སྤྲོད་བྱ་ཐུབ། ངས་ཙུང་ཐུང་ཕུའུ་ལཱ་པོ་ཝའོ་དང་མཉམ་དུ་འཐབ་ཇུས་མཐུན་སྦྱོར་སྲུང་འཛིན་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་བྱ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་བསྐྱོད་པར་སྣེ་ཁྲིད་བྱེད་རྒྱུ་ཡིན་པར་མ་ཟད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་མཉམ་འབྲེལ་གྱི་རང་སྟོབས་རང་སྤེལ་དང་། མཐུན་སྒྲིལ་མཉམ་ལས། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་ལེའུ་གསར་པ་རྩོམ་རྒྱུ་ཡིན་ཞེས་གསུངས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号