ཧན་ཀྲིན་གྱིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙའོ་ཁི་ལ་མཇལ་འཕྲད་གནང་།

ཧིན་རྡུ་ཉི་ཞི་ཡ་སྲིད་གཞུང་གི་གདན་ཞུ་ལྟར། ཟླ10པའི་ཚེས19ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་ཚབ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཚེས་ཉི་ཤུ་བསྡུ་རྒྱུ་ཡིན་པའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་པུའུ་ལ་པོ་ཝོ་ཡི་འགན་ཁུར་མཛད་སྒོར་ཞུགས་རྒྱུ་ཡིན་པར་མ་ཟད། ཧིན་རྡུ་ཉི་ཞི་ཡར་འཚམས་འདྲི་བྱས། ཉིན་དེར། ཧན་ཀྲིན་གྱིས་ཡ་ཅཱ་ཏ་ནས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙའོ་ཁི་ལ་ཐུག་འཕྲད་གནང་།

ཧན་ཀྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཙུང་ཐུང་ཙའོ་ཁི་ལ་ཕུལ་བའི་འཚམས་འདྲི་དང་སྨོན་འདུན་བརྒྱུད་སྒྲོག་བྱས། ཧན་ཀྲིན་གྱིས་བསྟན་དོན། འདས་པའི་ལོ་བཅུ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་ཆུ་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་སོང་བའི་ལོ་བཅུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཙའོ་ཁི་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་རྒྱུན་མ་ཆད་པར་སྤུས་འདེགས་རིམ་སྤོར་བྱེད་པར་སྣེ་ཁྲིད་བྱས་ནས། ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པའི་དུས་རབས་གསར་བར་ཞུགས། ཀྲུང་གོས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་ཇེ་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་ངང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ། ཡ་ཝན་ལྕགས་ལམ་སོགས་ཀྱི་མཉམ་ལས་་ལས་གཞི་གལ་ཆེན་ལག་བསྟར་བཟང་བོ་བྱས་ཏེ། མཐུན་སྒྲིལ་རོགས་ལས་དང་གཉིས་ཕན་མཉམ་རྒྱལ་གྱི་ལེའུ་གསར་བ་འབྲི་འདོད་ཡོད། ཙུང་ཐུང་ཙའོ་ཁི་ཡིས་སྔར་བཞིན་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་དར་སྤེལ་གཏོང་བའི་ཐད་སྟོབས་ཤུགས་འབུལ་རྒྱུའི་རེ་བ་ཡོད་ལ་ཡིད་ཆེས་ཀྱང་ཡོད།

ཙའོ་ཁི་ཡིས་ཧན་ཀྲིན་བརྒྱུད་དེ་ཁོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་ཞུ་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཁོར་ཁ་པར་བཏང་བར་བཀའ་དྲིན་ཞུས། ཙའོ་ཁི་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་གནས་བབ་ཧ་ཅང་བཟང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས། ཡ་ཝན་ལྕགས་ལམ་ནི་རྒྱལ་ཁབ་གཉིས་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་མཉམ་ལས་ལས་གཞི་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་མཚོན་རྟགས་ཡིན་ལ། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་དང་མཉམ་དུ་འབད་འཐབ་བྱས། ཡ་ཝན་མྱུར་བགྲོད་ལྕགས་ལམ་ཀྱི་འཁོར་རྒྱུག་བྱ་བ་རྒྱུན་མཐུད་ངང་བཟང་བོར་བསྒྲུབ་འདོད་ཡོད། ཧིན་རྡུ་ཉི་ཞི་ཡིས་ཀྲུང་གོའི་བར་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཧིན་རྡུ་ཉི་ཞི་ཡའི་སྐབས་གསར་བའི་སྲིད་གཞུང་གི་འགོ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མ་ཆད་པར་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་ཡིད་ཆེས་བརྟན་པོ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号