ཁུང་ཙི་འཁྲུངས་ནས་ལོ2575འཁོར་བར་རྟེན་འབྲེལ་ཞུ་བའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་རྒྱལ་སྤྱིའི་རུའུ་ལུགས་པའི་གཞུང་ལུགས་མཉམ་འབྲེལ་ཚོགས་པའི་སྐབས་བདུན་པའི་ཚོགས་མིའི་གྲོས་ཚོགས་པེ་ཅིང་དུ་ཚོགས་འགོ་བརྩམས།

ཁུང་ཙི་འཁྲུངས་ནས་ལོ2575འཁོར་བར་རྟེན་འབྲེལ་ཞུ་བའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་རྒྱལ་སྤྱིའི་རུའུ་ལུགས་པའི་གཞུང་ལུགས་མཉམ་འབྲེལ་ཚོགས་པའི་སྐབས་བདུན་པའི་ཚོགས་མིའི་གྲོས་ཚོགས་ཚེས19ཉིན་པེ་ཅིང་དུ་ཚོགས་འགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུང་ཙི་འཁྲུངས་ནས་ལོ2575འཁོར་བར་རྟེན་འབྲེལ་ཞུ་བའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་རྒྱལ་སྤྱིའི་རུའུ་ལུགས་པའི་གཞུང་ལུགས་མཉམ་འབྲེལ་ཚོགས་པའི་སྐབས་ལྔ་བའི་ཚོགས་མིའི་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་ནས། རུའུ་ལུགས་པའི་དགོངས་པ་ནང་དུ་འདུ་བའི་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བ་དང་། རིག་གནས་མི་འདྲ་བའི་བར་ཕན་ཚུན་སློབ་སྦྱོང་དང་དཔེ་ལྟ་བྱེད་པར་ཁ་ཕྱོགས་བསྟན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་སྐྲུན་རང་བཞིན་གྱི་ཚུལ་སྒྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བ། རིག་གནས་མི་འདྲ་བའི་བར་གྱི་བརྗེ་རེས་དཔེ་ལྟར་ཤུགས་བསྣན་ནས། ཀྲུང་ཧྭའི་རིག་གནས་སྔར་ལས་དར་རྒྱས་གོང་འཕེལ་གཏོང་བ་དང་། མིའི་རིགས་ཀྱི་རིག་གནས་སྔར་ལས་མཚར་སྡུག་ལྡན་པར་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་འགོ་ཁྲིད་བརྟན་པོའི་འོག ཀྲུང་གོ་མི་དམངས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པ་དང་། རང་སྟེང་འཕེལ་རྒྱས་སུ་གཏོང་བ་མ་ཟད་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་པའི་དེང་རབས་ཅན་གྱི་ལམ་བུ་རུ་ཞིག་བཏོད་ངེས། འཛམ་གླིང་དེང་རབས་ཅན་གྱི་བརྒྱུད་རིམ་ལ་སྐུལ་འདེད་གཏོང་ན། རིག་གནས་དཔལ་ཡོན་གྱི་ཁ་ཕྱོགས་སྣེ་ཁྲིད་དང་བསམ་བློའི་སྣེ་ཁྲིད། རིན་ཐང་གི་སྣེ་ཁྲིད། སྟོབས་ཤུགས་ཀྱི་སྣེ་ཁྲིད་ཧ་ཅང་མཁོ་བས། ཐེངས་འདིའི་ཚོགས་འདུས་རུའུ་ལུགས་ཀྱི་དཔལ་ཡོན་སྣ་མང་ཅན་དང་དེང་རབས་ཅན་བརྗོད་སྙིང་དུ་བྱས་པ་དང་། མངོན་སུམ་གྱི་དོན་སྙིང་ཆེན་པོ་ལྡན། ཚང་མས་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་། རུའུ་ལུགས་པ་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཡོད་ཚད་རྒྱུན་འཛིན་དང་དར་སྤེལ་བཏང་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཏོན་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚུར་སྣང་ཆེན་པོ་ཐོབ། ང་ཚོས་འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་ལག་བསྟར་བྱས་ཏེ། འདྲ་མཉམ་དང་དཔེ་ལྟ། གྲོས་མོལ། དཀྱེལ་ཡངས་ཀྱི་དཔལ་ཡོན་ལྟ་བ་དར་སྤེལ་གཏོང་དགོས། སྣ་མང་ལ་བརྩི་མཐོང་བྱེད་པ་དང་། འཛམ་གླིང་དཔལ་ཡོན་གྱི་སྣ་མང་རང་བཞིན་ལ་བརྩི་མཐོང་དང་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་དེང་རབས་ཅན་བགྲོད་ལམ་ཀྱི་རང་བདག་གདམ་གསེས་ལ་བརྩི་མཐོང་བྱེད་དགོས། མཉམ་སྡུད་མཉམ་གསོག་དང་ཕན་ཚུན་སློབ་སྦྱོང་དང་དཔེ་ལྟ་བྱེད་པ། སྒོ་འབྱེད་ཀྱི་བློ་རྒྱར་བརྟེན་ནས་མིའི་རིགས་ཀྱི་ཕུལ་བྱུང་དཔལ་ཡོན་གྱི་གྲུབ་འབྲས་ཡོད་ཚད་ལ་དཔེ་ལྟ་དང་སྡུད་ལེན་བྱས་ཏེ། མེ་ཏོག་མཉམ་བཞད་ཀྱི་མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་གྱི་རིས་ལྗོངས་གསར་བ་མཉམ་འབྲི་བྱེད་དགོས། སྲོལ་རྒྱུན་རྒྱུན་འཛིན་དང་དྲང་སྲུང་གསར་གཏོད་བྱེད་ན། གནའ་བོའི་རིག་གནས་ཀྱི་རྒྱུད་རྒྱུ་དང་དུས་རབས་ཀྱི་བརྗོད་དོན་གཉིས་ཕན་ཚུན་འཕྲོད་མཐུན་ཡོང་བར་བྱེད་པ་དང་། དེང་རབས་ཀྱི་སྤྱི་ཚོགས་དང་ཕན་ཚུན་མཐུན་སྦྱོར་ཡོང་བར་བྱས་ནས། མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་གྱི་བརྒྱུད་རིམ་ཐད་སྒུལ་ཤུགས་ཆེན་པོ་སྣོན་དགོས།

ཚོགས་འདུ་ལ་རྒྱལ་སྤྱིའི་རུའུ་ལུགས་པའི་གཞུང་ལུགས་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་སུང་ཁྲུན་ལན་གྱིས་མགོ་འཛིན་བྱས། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ། རྒྱལ་སྤྱིའི་རུའུ་ལུགས་པའི་གཞུང་ལུགས་མཉམ་འབྲེལ་ཚོགས་པའི་ལས་འཛིན་དཔོན་པོ་ཧྥུའུ་ཐེན་ཁང་ཧྥུའུ། དབྱི་ཐ་ལིའི་ཙུང་ལི་ཟུར་པ་ཏཱ་ལའེ་མཱ། ཧྥ་རན་སིའི་ཙུང་ལི་ཟུར་པ་ལཱ་ཧྥ་ལན་སོགས་ཀྱིས་ཡུལ་དངོས་དང་ཡང་ན་བྱེད་ཐབས་གཞན་པ་བརྒྱུད་དེ་ཤིས་ཚིག་ཕུལ། ཁོ་ཚོས་རྒྱལ་སྤྱིའི་རུའུ་ལུགས་པའི་གཞུང་ལུགས་མཉམ་འབྲེལ་ཚོགས་པ་བཙུགས་ནས་ལོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུས་པ་དང་། རུའུ་ལུགས་པའི་བསམ་བློ་དེ་ཉེན་ཁ་ཐག་གཅོད་པ་དང་འགལ་རྩོད་ཐག་གཅོད་པའི་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་། མི་གཞུང་བརྗེ་རེས་དང་དཔལ་ཡོན་གྲོས་མོལ་ལ་ཤུགས་བསྣན་ནས། མཉམ་དུ་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད་པའི་ཚུལ་བསྟན།

ཚོགས་འདུའི་སྔོན་དུ། ཝང་ཧུའུ་ཉིང་གིས་ཚོགས་འདུར་ཞུགས་པའི་སྐུ་མགྲོན་གྱི་འཐུས་ཚབ་དང་མཉམ་དུ་འདྲ་པར་བསྐྱོན། ཧྲའོ་ཧུང་དང་ཝང་ཏུང་ཧྥིན། ལིའུ་ཡན་ཏུང་སོགས་གོང་གསལ་གྱི་བྱ་འགུལ་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号