མཚོ་བྱང་ཁུལ་རྐང་ཚ་རྫོང་གི་ཞིང་ལས་ཐོན་རྫས་ལ་གནོད་མེད་ཟས་རིགས་ཀྱི་དཔང་ཡིག་ཁྱོན23ཐོབ།

ཉེ་ཆར། མཚོ་བྱང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་རྐ་ཆུ་སྡེ་བའི་རྩྭ་ལྗང་ནོར་ལུག་གསོ་ཕྱུགས་ཆེད་ལས་མཉམ་ལས་ཁང་ལ་རྒྱལ་ཁབ་ཁས་ལེན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་སྒྲིག་གཞི་བྱས་ཏེ།ཀྲུང་གོ་གནོད་མེད་ཟས་རིགས་འཕེལ་རྒྱས་ལྟེ་གནས་ཀྱིས་སྤྲད་པའི《གནོད་མེད་ཟས་རིགས་དཔང་ཡིག》ཐོབ། དེ་ནི་རྐང་ཚ་རྫོང་གི་ཞིང་ལས་ཐོན་རྫས་ཀྱི་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གཉིས་པར་གནོད་མེད་ཟས་རིགས་དཔང་ཡིག་ཐོབ་པ་ཡིན། མིག་སྔའི་བར། རྐང་ཚ་རྫོང་གི་ཞིང་ལས་ཐོན་རྫས་ལ་གནོད་མེད་ཟས་རིགས་ཀྱི་དཔང་ཡིག་ཁྱོན23ཐོབ།  

རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་རྐ་ཆུ་སྡེ་བའི་རྩྭ་ལྗང་ནོར་ལུག་གསོ་ཕྱུགས་ཆེད་ལས་མཉམ་ལས་ཁང་གིས《རྐང་ཚ་རྫོང་གནོད་མེད་ཟས་རིགས་དཔང་གཅོད་དོ་དམ་རྣམས་གྲངས་ཀྱི་ལག་བསྟར་ཇུས་གཞི》དང《གནོད་མེད་ཟས་རིགས་མཚོན་རྟགས་དོ་དམ་བྱེད་ཐབས》སོགས་འབྲེལ་ཡོད་ཡིག་ཆ་གཞིར་བཟུང་སྟེ།  རྫོང་ཞིང་ཕྱུགས་ཅུའི་ཞིང་ལས་ལག་རྩལ་མི་སྣའི་རོགས་འདེགས་དང་མཛུབ་སྟོན། ཐུན་མོང་གི་འབད་བརྩོན་ཁྲོད། གནོད་མེད་ཟས་རིགས་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་གསོ་སྤེལ་ནན་མོ་བྱས་པ་རེད།     ཀྲུང་གོ་གནོད་མེད་ཟས་རིགས་འཕེལ་རྒྱས་ལྟེ་གནས་ཀྱིས་ཞིང་ཆེན་དང་།  ཁུལ། རྫོང་བཅས་རིམ་པ་གསུམ་གྱི་གནོད་མེད་ཟས་རིགས་ཞིབ་བཤེར་མཁན་མངགས་གཏོང་བྱས་པ་བརྒྱུད་ནས། མཉམ་ལས་ཁང་གིས་ཁས་ལེན་བྱས་པའི་ས་ཁོངས་ཀྱི་ཧྲེ་ཡོན6གི་གསོ་སྤེལ་ཐོན་སྐྱེད་ཀྱི་ཡུལ་དངོས་སུ་བརྒྱུད་རིམ་ལྡན་པའི་ཞིབ་བཤེར་བྱས་པ་དང་། ནོར་ལུག་གི་འཐུང་ཆུའི་སྤུས་ཚད་སོ་སོ10དང་། སྐམས་ལུག་ཤའི་སྤུས་ཚད་སོ་སོ42--45བར་གྱིCMAའཐེན་བཤེར་ཞིབ་དཔྱད་ཚད་ལེན་སོགས་ཕྱོགས་བསྡུས་ཞིབ་དཔྱད་གཏན་འཁེལ་བྱས་པས། སྐམས་ལུག་ཤའི་སྤུས་ཚད་ཚང་མNY/T2799-2023གྱི་བླང་བྱར་མཐུན་ཡོད་པ་རེད།  མཇུག་མཐར་ཆེད་ལས་མཉམ་ལས་ཁང་དེའི《གནོད་མེད་ཟས་རིགས་མཚོན་རྟགས་ཀྱི་ཆོག་ཁྲོལ་རེ་ཞུ་དཔྱད་ཡིག》ཅེས་པའི་ཁས་ལེན་རེ་ཞུ་བྱས་པའི་རྩྭ་ས་མུའུ61860སྟེང་གསོ་སྤེལ་བྱས་པའི་ནོར་ལུག2587(དེའི་ནང་དུ་ལུག2050དང་ནོར537)ལ《གནོད་མེད་ཟས་རིགས་དཔང་ཡིག 》ཐོབ་ཟིན། མིག་སྔའི་བར། རྐང་ཚ་རྫོང་གི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཞིང་ལས་ཐོན་རྫས་ཁྱོན་སྡོམ38ཟིན་ཡོད་ལ། དེ་ལས། གནོད་མེད་ཟས་རིགས23དང་། སྐྱེ་ལྡན་ཐོན་རྫས10  ཞིང་ལས་ཐོན་རྫས་ཀྱི་ས་རྒྱུས་མཚོན་རྟགས5བཅས་ཀྱིས་རྐང་ཚ་རྫོང་གི་གནོད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེར་ཐེབས་ཡོད་པ་རེད། 

རྐང་ཚ་རྫོང་གི་གནོད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་སྐྱེད་ཀྱི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”དཔང་གཅོད་དོ་དམ་ཞིང་ལས་སྤུས་ལེགས་ཐོན་རྫས་བཏོད་དེ་གྲོང་གསེབ་དར་སྤེལ་ལ་རམ་འདེགས་དང་རྒྱབ་སྐྱོར་བྱས་པ་དང་། ལྗང་མདོག་སྐྱེ་ལྡན་ཐོན་རྫས་ནང་ཁུལ་གྱི་ཐོན་སྐྱེད་དཔང་གཅོད་དོ་དམ་མ་ལག་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཤུགས་བསྣན་དེ། མུ་མཐུད་དུ་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号