ལིས་ཆང་གིས་ཅིར་ཅི་སི་སི་ཐན་གྱི་ཙུང་ལི་ཀྲ་ཕཱ་ལའོ་ཧྥུའོ་ལ་མཇལ་འཕྲད་གནང་།

ས་གནས་དེ་གའི་ཟླ10པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དབྱི་སི་ལམ་པོ་རུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གསུམ་པར་ཞུགས་སྐབས་ཅིར་ཅི་སི་སི་ཐན་གྱི་ཙུང་ལི་ཀྲ་ཕཱ་ལའོ་ཧྥུའོ་ལ་མཇལ་འཕྲད་གནང་བའི་ཚུལ།

ས་གནས་དེ་གའི་ཟླ10པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དབྱི་སི་ལམ་པོ་རུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གསུམ་པར་ཞུགས་སྐབས་ཅིར་ཅི་སི་སི་ཐན་གྱི་ཙུང་ལི་ཀྲ་ཕཱ་ལའོ་ཧྥུའོ་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ད་ལོའི་ཟླ7པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཀྲ་ཕཱ་ལའོ་ཧྥུའོ་གཉིས་ཀྱིས་ཨ་སི་ཐཱ་ནཱ་རུ་གྲོས་མོལ་མཛད་དེ། སྔར་ལས་འབྲེལ་བ་ཟབ་པའི་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དང་། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་འབྲེལ་བ་དང་མཉམ་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་འཆར་འགོད་བཀོད་སྒྲིག་བྱས། ཀྲུང་གོའི་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་དབུ་གཙོའི་འཐབ་ཇུས་ཁྲིད་སྟོན་ལ་བརྩི་སྲུང་བྱས་ནས། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་། ཐུན་མོང་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གང་ལེགས་གཏོང་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་མཐོང་སྣེ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལྟ་བ་དང་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། བློ་རྩ་བརྟན་པོས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ནས། ཕན་ཚུན་དར་རྒྱས་གོང་འཕེལ་གཏོང་བའི་ཡིད་རྟོན་རུང་བ་དང་གཙིགས་ཆེ་བའི་གྲོགས་པོ་བྱེད་འདོད་ཡོད།  ཀྲུང་གོའི་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པར་སྐུལ་འདེད་ཟབ་མོ་གཏོང་བ་དང་། ཕན་ཚུན་སྦྲེལ་མཐུད་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་ནས། བརྒྱུད་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་བྱེད་ཅིང་། ཉོ་ཚོང་དངུལ་གཏོང་གི་གསོན་ཤུགས་སྐུལ་སྤེལ་གཏོང་བ་དང་། ནུས་ཁུངས་གསར་མ་དང་ས་ཁོངས་བརྒལ་བའི་གློག་རྡུལ་ཉོ་ཚོང་། གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། མཉམ་ལས་གྲུབ་འབྲས་དངོས་ཐོབ་པར་བརྩོན་ལེན་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་རིག་གནས་ཡུལ་སྐོར་དང་། སློབ་གསོ། འཕྲོད་བསྟེན་སོགས་མི་གཞུང་ཁྱབ་ཁོངས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་མི་རབས་ནས་མི་རབས་སུ་རྒྱུད་འཛིན་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ་མུ་མཐུད་དུ་ཀྲུང་གོ་དང་ཀྲུང་གོ་དང་ཨེ་ཤ་ཡའི་རྩེ་ཚོགས་སྐབས་བླངས་པའི་གྲུབ་འབྲས་སྣ་ཚོགས་དོན་འཁྱོལ་ལེགས་པོ་བྱེད་ཅིང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་ཏུ་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་སོ་སོས་བློ་རྩ་བརྟན་པོས་ཧྲང་ཧེའི་སྙིང་སྟོབས་དར་སྤེལ་གཏོང་བར་སྐུལ་འདེད་བཏང་ནས། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་འཕེལ་རྒྱས་ཐད་གཏན་འཁེལ་རང་བཞིན་དང་དྲང་ནུས་མང་པོ་སྣོན་འདོད་ཡོད་ཅེས་གསུངས།

ཀྲ་ཕཱ་ལའོ་ཧྥུའོ་ཡིས་བསྟན་དོན། ཅིར་ཅི་སི་སི་ཐན་དང་ཀྲུང་གོའི་ཁྱིམ་མཚེས་འབྲེལ་བ་དུས་ཡུན་རིང་པོར་མཛའ་མཐུན་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་དམ་ཟབ་ཡིན་པས། དཔལ་འབྱོར་ཉོ་ཚོང་མཉམ་ལས་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དབུ་གཙོའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་ཅིར་ཅི་སི་སི་ཐན། ཝུའུ་ཅི་པེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་།  བརྒྱུད་ལམ་འཛུགས་སྐྲུན་དང་། ཕན་ཚུན་འབྲེལ་འདྲིས་བརྗེ་རེས། དངུལ་རྩ། གཏེར་ལས། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཅིར་ཅི་སི་སི་ཐན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་དྲག་པོ་སྣོན་པའི་རེ་བ་བྱེད་ཀྱིན་ཡོད། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ལྟ་བ་དང་གོ་ལ་ཧྲིལ་བོའི་གྲོས་འགོ་ཆེན་མོ་གསུམ་བཏོན་པར་རྒྱབ་སྐྱོར་བྱས་ནས། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀྲུང་གོའི་དང་ཀྲུང་གོ་དང་ཨེ་ཤ་ཡ་རྒྱལ་ཁབ་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号