རྒྱལ་སྲུང་པུའུ་ཡིས་སྣེ་ལེན་ཚོགས་འདུ་གཟབ་རྒྱས་ངང་འཚོགས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་འཁོར97ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།
ཟླ7པའི་ཚེས31ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོ་རུ་སྣེ་ལེན་ཚོགས་འདུ་འཚོགས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་འཁོར97ལོན་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཡི་ཟླ7པའི་ཚེས31ཉིན་མི་དམངས་ཚོགས་ཁང་ཆེན་མོ་རུ་སྣེ་ལེན་ཚོགས་འདུ་འཚོགས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་འཁོར97ལོན་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས། དམག་དོན་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་ཇུས་འདོན་པུའུ་ཡི་དྲག་ཇུས་དམག་དཔོན་ལིའུ་ཀྲེན་ལི་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནམ། དམག་ཨུའི་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རེན་མེའོ་ཧྭ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནམ། དམག་དོན་ཨུ་ཡོན་ལྷན་ཁང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཚོགས་འདུར་ཞུགས། རྒྱལ་སྲུང་པུའུ་ཀྲང་ཏུང་ཅུན་ཚོགས་འདུར་ཞུགས་ཏེ་ཤིས་ཚིག་ཕུལ།
མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་སྒྲོན་མེ་འོད་མདངས་བཀྲ་བ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་སྟོང་ཕྲག་གཅིག་ལྷག་མཉམ་དུ་འཛོམས་ནས་ཡུལ་དངོས་སུ་དགའ་སྤྲོའི་རྣམ་པས་ཁེངས། ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་བརྗིད་ཉམས་ལྡན་པའི་བརྒྱད་གཅིག་དམག་རྟགས་དང་། དར་དམར10ལོགས་གཉིས་སུ་སྒྲིག་ཡོད་ཅིང་། 1927ལོ་ནས 2024ལོའི་བར་ཞེས་པའི་ཡིག་ཆེན་ལོ་རྟགས་ཧ་ཅང་གསལ་པོ་ཡིན།
ཆུ་ཚོད18ཙམ་ལ། སྣེ་ལེན་ཚོགས་འདུ་ཚོགས་མགོ་བརྩམས་ཤིང་། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ཏེ《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུ》སྐད་གསང་མཐོན་པོས་བླངས། ཏུང་ཅུན་གྱིས་ཤིས་ཚིག་ཕུལ་ཏེ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། གྲ་སྒྲིག་དམག་ཞབས་མི་སྣ། ཡུལ་དམག་བཅས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། མི་དམངས་དམག་དཔུང་འཛུགས་སྐྱོང་བྱེད་པར་བྱས་རྗེས་བཞག་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་དང་། གསར་བརྗེའི་དམག་མི་དང་དབང་པོ་སྐྱོན་ཅན་དམག་མིའི་ཁྱིམ་མི་བཅས་ལ་བྱམས་བརྩེའི་འཚམས་འདྲི་ཞུས་ལ། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་ལ་བླ་ན་མེད་པའི་གུས་བཀུར་ཞུས། རྒྱལ་སྲུང་ཚན་རྩལ་བཟོ་ལས་འཐབ་ཕྱོགས་ཀྱི་བློ་མཐུན་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་ཏེ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཏང་ཨུ་དང་སྲིད་གཞུང་རིམ་པ་སོ་སོ་དང་། མི་དམངས་ཚོགས་པ་བཅས་ཀྱིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། སྣེ་ལེན་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་སོ་སོའི་ཀྲུང་གོར་བཅའ་སྡོད་བྱེད་པའི་དྲག་རྩལ་དམག་དཔོན་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། སྐུ་མགྲོན་རྣམ་པ་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
ཏུང་ཅུན་གྱིས་བཤད་རྒྱུར། མི་དམངས་དམག་དཔུང་གིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་དུས་གནད་གསར་པའི་སྟེང་མདུན་དུ་སྐྱོད་བཞིན་ཡོད་པ་དང་། དུས་རབས་གསར་པའི་ཆབ་སྲིད་དམག་འཛུགས་ཀྱི་འཐབ་ཇུས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ལམ་གསར་པར་སྣེ་ཁྲིད་དང་། དམག་ཡོངས་ཀྱི་དཔོན་དམག་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པར་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ལྡན་ཅན་དུ་འགྱུར་བའི་འཐབ་ཇུས་དང་། མི་དམངས་དམག་དཔུང་གིས་དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་འབོད་སྒྲ་ཉན་པ་དང་། དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ། ཁ་ཕྲལ་གྱི་བྱ་སྤྱོད་མཐའ་དག་བཀག་འགོག་དང་རྡུལ་དུ་རློག་པར་གྲ་སྒྲིག་ནུས་ལྡན་བྱ་དགོས། ཀྲུང་གོའི་དམག་དཔུང་གིས་རྒྱལ་ཁབ་སོ་སོའི་དམག་དཔུང་དང་མཉམ་དུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཅས་ལག་བསྟར་བྱེད་པར་གྲ་སྒྲིག་བྱས་ཡོད། འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འགོ་དང་འཛམ་གླིང་ཡོངས་ཀྱི་ཡ་རབས་ཚུལ་ལྡན་གྱི་གྲོས་འགོ། དངོས་གཉེར་མཛའ་མཐུན་མཉམ་ལས་སྤེལ་བ་དང་། གཞུང་དྲང་དྲང་བདེན་དང་། མཉམ་འཛུགས་མཉམ་སྤྱོད་ཀྱི་བདེ་འཇགས་རྣམ་པ་བསྐྲུན་ནས། ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་དགོས།
དགའ་སྤྲོའི་རོལ་དབྱངས་ཀྱི་ཁྲོད་དུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་ཀྱིས་མཉམ་དུ་ཆང་ཕོར་བཏེགས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་འཁོར97ལོན་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དམག་དཔུང་བར་གྱི་མཛའ་བཤེས་ཡུན་གནས་ལ་རྟེན་འབྲེལ་ཞུས།
དམག་དོན་ཨུ་ལྷན་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་དམག་དཔུང་པེ་ཅིན་དུ་སྡོད་པའི་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་སོགས་སྣེ་ལེན་ཚོགས་འདུར་ཞུགས།
སྣེ་ལེན་ཚོགས་འདུར་ཞུགས་པའི་གྲས་སུ་ད་དུང་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་། པེ་ཅིན་གྲོང་ཁྱེར། ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་འགན་ཁུར་པ། དམག་དཔུང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པའི་འཐུས་མི། དམག་དཔུང་གི་དཔའ་བོ་དཔེ་བཟང་ཅན། རྒྱལ་སའི་ཡུལ་དམག། སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་། གོ་མིན་ཏང་གི་འོས་ལངས་མི་སྣའི་འཐུས་མི་དང་དེ་བཞིན་རྒྱལ་ཁབ་སོ་སོའི་ཀྲུང་གོར་བཅའ་སྡོད་ཀྲུང་གོའི་དྲག་ཇུས་དམག་དཔོན་དང་བཟའ་ཟླ་གཉིས་སོགས་ཀྲུང་ཕྱིའི་སྐུ་མགྲོན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注