མཚོ་སྔོན་ཞིང་ཆེན་དམངས་ཆེན་འཐུས་མིའི་གྲོས་གཞི་སྒྲུབ་གཉེར་བྱ་བའི་སྐུལ་འདེད་ཚོགས་འདུ་འཚོགས།

ཟླ7པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་འཐུས་མིའི་གྲོས་གཞི་སྒྲུབ་གཉེར་བྱ་བའི་སྐུལ་འདེད་ཚོགས་འདུ་ཟི་ལིང་དུ་འཚོགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཝང་ལི་མིན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་ཚོགས་འདུར་མགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་གྱིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གཏམ་བཤད། 

ཝང་ལི་མིན་གྱིས་འཐུས་མིའི་གྲོས་གཞི་ལེགས་པོར་སྒྲུབ་པ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་དང་། བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན།  སྒྲུབ་འགན་འཁུར་བའི་སྡེ་ཁག་གིས་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ། འབྲེལ་གཏུག་དམ་ཟབ་བྱེད་པ། མཐུན་སྦྱོར་མཉམ་འགུལ་རྒྱུན་འཁྱོངས། རིགས་དབྱེ་ནས་ལན་གསལ་བོར་འདེབས་པ།   རྗེས་སྙེག་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་གནད་འགག་གི་བརྒྱུད་རིམ་དམ་འཛིན་བྱས་ཏེ“དམངས་ལ་ཡར་ཞུ་བྱེད་ས་ཡོད་ཅིང་། བདག་གིས་ཨ་ལན་འདེབས་པའི”བྱ་སྤྱོད་དངོས་ལ་བརྟེན་ནས་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ལག་བསྟར་བྱས་ནས་བློ་སེམས་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཚོ་སྔོན་མི་དམངས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས་པར་ནན་གྱིས་བསྟན།

ཧི་ལུའུ་ཁྲུན་གྱིས་ཞིང་ཆེན་སྲིད་གཞུང་གི་སྡེ་ཚན་སོ་སོས་འཐུས་མིའི་གྲོས་གཞི་སྒྲུབ་པའི་ལས་དོན་ལེགས་པོར་སྒྲུབ་པའི་དོན་སྙིང་གལ་ཆེན་དང་འགན་འཁྲིར་ངོས་འཛིན་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་གནས་བབ་སྔར་བས་མཐོ་རུ་གཏོང་བ་དང་། འབྲེལ་གཏུག་ལ་ཤུགས་སྣོན་པ། གཙོ་གནད་གྲོས་གཞི་དམ་འཛིན་བྱེད་པ། གྲུབ་འབྲས་གཞན་སྒྱུར་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་འཐུས་མིའི་གྲོས་གཞི་ཚང་མ་ལེགས་པོར་བསྒྲུབས་ནས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་གྲུབ་འབྲས་ལེན་དགོས་ཞེས་བསྟན། 

ཚོགས་འདུའི་ཐོག་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་གཉིས་པའི་སྐབས་ཀྱི་འཐུས་མིའི་གྲོས་གཞིའི་བྱ་བའི་གནས་ཚུལ་བརྡ་ཁྱབ་བཏང་ཞིང་།  གྲོས་གཞི་ཁ་ཤས་ཀྱི་སྒྲུབ་འགན་འཁུར་བའི་ལས་ཁུངས་ཀྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་གྱི་འབྲེལ་ཡོད་སྡེ་ཁག ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། འཐུས་མིས་སྒྲུབ་འགན་འཁུར་བའི་ལས་ཁུངས་ཀྱི་བློ་མཐུན་འགན་འཁུར་པ།  གྲོས་གཞི་བཏོན་པའི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཁ་ཤས་བཅས་གྲོས་ཚོགས་སུ་ཞུགས།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号