ཞིང་ཆེན་སློབ་གསོ་ཐིང་གིས《ཁྱིམ་བདག་ལ་སྤྲིངས་པའི་འཕྲིན་ཡིག》ཞེས་པ་ཁྱབ་བསྒྲགས་བྱས་ནས་དབྱར་ཁའི་གུང་གསེང་དེ“སློབ་སྐབས་གསུམ་པ”རུ་འགྱུར་མི་རུང་བར་བསྟན།

ཟླ7པའི་ཚེས9ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་གསལ་ལྟར་ན། དབྱར་ཁའི་གུང་གསེང་ཐོན་ལ་ཉེ་བ་དང་སློབ་གྲྭའི་ཕྱི་རོལ་གྱི་གསོ་སྦྱོང་སྣ་ཚོགས་ཀྱང་ཟང་ཟིང་ལང་ལོང་དུ་གྱུར་བའི་དུས་མཚུངས་སུ། རིག་ཚན་རིགས་ཀྱི“མངོན་མེད་འགྱུར་ལྡོག”དང“ལག་ཁྱེར་མེད་པ”སོགས་སྒྲིག་འགལ་གསོ་སྦྱོང་བྱ་སྤྱོད་ཆེས་མང་བའི་དུས་སྐབས་ཤིག་ཀྱང་རེད། ཞིང་ཆེན་སློབ་གསོ་ཐིང་གིས《དབྱར་ཁའི་གུང་གསེང་ནང་སློབ་གྲྭའི་ཕྱི་རོལ་གྱི་གསོ་སྦྱོང་ནང་ཞུགས་པའི་སྐོར་ནས་ཁྱིམ་བདག་ལ་སྤྲིངས་པའི་འཕྲིན་ཡིག》ཞེས་པ་ཁྱབ་བསྒྲགས་བྱས་པ་མ་ཟད། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གླིང་སོ་སོར《སློབ་ཆེན་སློབ་མ་དང་དགེ་རྒན་དབྱར་ཁའི་གུང་གསེང་ནང་སློབ་གྲྭའི་ཕྱི་རོལ་གྱི་སློབ་གསོ་གསོ་སྦྱོང་ནང་ཞུགས་པ་གཏན་འགོག་བྱ་རྒྱུའི་སྐོར་གྱི་དྲན་སྐུལ་ཡི་གེ》འགྲེམ་སྤེལ་བྱས་ཏེ། སློབ་གྲྭའི་ཕྱི་རོལ་གྱི་གསོ་སྦྱོང་སྒྲིག་གཞི་ཚད་ལྡན་བཅོས་སྐྱོང་ལས་དོན་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་རྒྱུ་རེད། 

《ཁྱིམ་བདག་ལ་སྤྲིངས་པའི་འཕྲིན་ཡིག》ནང་ཁྱིམ་བདག་ཚོས་གསོ་སྦྱོང་སྣ་ཚོགས་ལ་རྗེས་དཔག་གི་ལྟ་སྟངས་འཛིན་དགོས་པ་དང་། ལོང་བསྟུན་མི་བྱེད་པ་དང་འགྲན་བསྡུར་མི་བྱེད་པ། རྗེས་འབྲངས་མི་བྱེད་པ་བཅས་བྱས་ཏེ་དབྱར་ཁའི་གུང་གསེང་དེ“སློབ་སྐབས་གསུམ་པ”་རུ་མི་འགྱུར་བར་དྲན་སྐུལ་བྱས་ཡོད་ལ། ཡུལ་སྐོར་སློབ་སྦྱོང་དང་ཞིབ་འཇུག བསམ་བློ་བྱང་ཚད། རྒྱལ་ཁབ་རིག་པའི་བྱང་ཚད་སོགས་ཀྱི་མིང་ཐོག་ནས་སྒྲིག་འགལ་གྱིས་སྤེལ་བའི་རིག་ཚན་གསོ་སྦྱོང་བྱེད་སྒོར་མཐའ་གཅིག་ཏུ་མི་ཞུགས་པ་དང་། ཚབ་གཉེར་དང་ཁྱིམ་ཚང་སློབ་གསོ། བློ་འདྲི། དེ་བཞིན“གཅིག་ལ་གཅིག་གཏད”དང་“གཅིག་ལ་མང་གཏོད”“ཁྱིམ་ལས་ཞབས་ཞུ”“ཁྱིམ་སྡོད་དགེ་རྒན”སོགས་ཀྱི་མིང་ཐོག་ནས་སྤེལ་བའི“མངོན་མེད་འགྱུར་ལྡོག”རིག་ཚན་རིགས་ཀྱི་གསོ་སྦྱོང་ལ་མཐའ་གཅིག་ཏུ་མི་ཞུགས་པ་དང་ཁྲིམས་འགལ་སྒྲིག་འགལ་གསོ་སྦྱོང་སྣ་ཚོགས་བཀག་འགོག་བྱེད་དགོས་པའི་དྲན་སྐུལ་བྱས།

གསོ་སྦྱོང་ལས་ཁུངས་གཟབ་ནན་གྱིས་འདེམས་དགོས་པ་དང་། གྲོན་བསྡུའི་ནང་དོན་ལ་རྒྱུས་ལོན་བྱེད་དགོས། རང་འགུལ་ངང་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཚད་ལྡན་གྱི་གན་རྒྱ་འཇོག་དགོས་པའི་རེ་བ་འདོན་དགོས་པ་དང་། དངུལ་སྤྲོད་ཐབས་ཚད་ལྡན་དུ་གཏོང་དགོས། ཐེངས་གཅིག་ལ་སྔོན་བསྡུའི་གྲོན་དངུལ་མང་པོ་སྤྲོད་མི་རུང་བ་དང་། ལག་ཁྱེར་མེད་པའི་ལས་ཁུངས་ཏུ་གསོ་སྦྱོང་བྱེད་པར་ཞུགས་མི་རུང་། གསོ་སྦྱོང་ལས་ཁུངས་ཀྱི་ངག་ཐོག་གི་ཁས་ལེན་ལ་ཡིད་ཆེས་བྱེད་མི་རུང་ལ། ཕྱི་རོལ་གྱི་བརྡ་ཁྱབ་དང་དྲ་རྒྱའི་སྨྱན་སྦྱོར་གྱིས་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ཀྱི་དྲིལ་བསྒྲགས་བྱེད་པར་ཡིད་ཆེས་བྱེད་མི་རུང་། 

《དྲན་སྐུལ་ཡི་གེའི》ནང་མཐོ་རིམ་སློབ་གྲྭས《དུས་རབས་གསར་པའི་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་བསམ་འཆར》དང《མཐོ་རིམ་སློབ་གྲྭའི་སློབ་མའི་བྱ་སྤྱོད་ཚད་གཞི》ཡི་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་ནན་མོ་བྱས་ཏེ། སློབ་ཆེན་སློབ་མ་དང་དགེ་རྒན་གྱི་དབྱར་ཁའི་གུང་གསེང་གི་རྗེས་སྙེག་དོ་དམ་ལ་ཤུགས་སྣོན་པ་དང་། ཐབས་ལམ་སྣ་ཚོགས་བརྒྱུད་སློབ་གསོ་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་ཀྱི“ཉུང་འཕྲིའི”སྲིད་ཇུས་ལ་སློབ་སྦྱོང་དང་གོ་བ་ཏན་ཏིག་ལེན་པ། རང་རྟོགས་ཀྱིས“ཉུང་འཕྲིའི”གཏན་འབེབས་ལག་བསྟར་བཅས་བྱེད་དགོས་པ་དང་། རིག་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་བྱེད་སྒོ་རང་དགར་གྱིས་རྩ་འཛུགས་མི་བྱེད་པ་དང་དེའི་ནང་ཞུགས་མི་ཆོག་པ་དང་། “མངོན་མེད་འགྱུར་ལྡོག”རིག་ཚན་རིགས་ཀྱི་གསོ་སྦྱོང་བྱ་ཡུལ་མཁོ་འདོན་བྱེད་མི་ཆོག་པ་སོགས་དྲན་སྐུལ་དོན་ཚན་ཁག་དྲུག་ཡོད་པ་རེད། 

ཞིང་ཆེན་སློབ་གསོ་ཐིང་གིས་ཁྱིམ་བདག་ཚོས་ལག་གདང་སྦྲེལ་ནས་སློབ་ཕྱིའི་གསོ་སྦྱོང་ཚད་ལྡན་དུ་གཏོང་བའི་འབོད་སྐུལ་བཏང་ཞིང་། ཞིང་ཆེན་གྱི“ཉུང་འཕྲིའི”གཞུང་དོན་ཁང་གིས་ཀྱང་དབྱར་ཁའི་གུང་གསེང་སྐབས་སུ་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིར་ཆེད་དོན་བཅོས་སྐྱོང་བྱས་ཏེ། སློབ་ཕྱིའི་སློབ་གསོའི་སྐྱེ་ཁམས་གཙང་སེལ་བྱས་ནས་བྱིས་པ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོབ་བྱ་རྒྱུ་རེད།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号