དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་དང་ཨ་མེ་རི་ཁའི་གྲོས་མོལ་ལ་ངེས་པར་དུ་སེམས་ཆུང་བྱེད་དགོས་པའི་ཚུལ་བསྟན།
དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཚེས19ཉིན་གྱི་དགོང་མོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། དབྱི་ལིང་དང་ཨ་མེ་རི་ཁའི་བར་གྱི་གྲོས་མོལ་ལ་རེ་བ་ཆེན་པོ་བཅངས་ཡོད་ཀྱང་ངེས་པར་དུ་སེམས་ཆུང་བྱེད་དགོས་ཟེར།
ཨ་ལཱ་ཀི་ཆི་ཡིས་བཤད་རྒྱུར། ཉིན་དེར་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་ནས་བསྡུས་པའི་དབྱི་ལིང་དང་ཨ་མེ་རི་ཁའི་སྐོར་ཐེངས་གཉིས་པའི་བརྒྱུད་པའི་གྲོས་མོལ་དེ་སྣང་ཚུལ་བཟང་བོའི་ཁྲོད་ནས་དབྱི་ལིང་དང་ཨ་མེ་རི་ཁའི་གྲོས་མཐུན་གྱི་རྩ་དོན་དང་དམིགས་འབེན་ཐད་ནས་གྲུབ་འབྲས་ངེས་ཅན་བླངས་ཡོད་ཀྱང་། དབྱི་ལིང་རྒྱལ་ནང་གི་མི་མང་བོས་བལྟས་ན། མཉམ་འབྲེལ་གྱི་ཕྱོགས་ཡོངས་འགུལ་སྐྱོད་འཆར་གཞི་དེ་དབྱི་ལིང་ལ་ཕན་ཐོགས་ཆེན་པོ་མེད་པར་འདོད་ཡོད་ལ། ཨ་ལཱ་ཀི་ཆི་ཡིས་ཁོ་རང་ཡང་ལྟ་ཚུལ་དེར་འཐད་པ་ཡིན་ཟེར།
ཕྱོགས་གཉིས་ཀྱིས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ཆེད་མཁས་རིམ་པའི་གྲོས་མོལ་ཐད་ནས་ཨ་ལཱ་ཀི་ཆི་ཡིས་བཤད་རྒྱུར། མིག་སྔའི་གནས་ཚུལ་ལ་མཚོན་ན། གྲོས་མོལ་དེར་རེ་བ་ཆེན་པོ་ཡོད་ཀྱང་། ངེས་པར་དུ་སེམས་ཆུང་བྱེད་དགོས་ཟེར།
གཞན་ཡང་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས20ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཧཱ་ཅེ་ལཱ་ནེ་ཡིས་ཉིན་དེར་བསྟན་དོན། དབྱི་ལིང་གིས་བཀག་སྡོམ་མེད་པར་གཏོང་བ་དང་དབྱི་ལིང་མི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པའི་དོན་དངོས་ཀྱི་གྲོས་གཞི་གང་རུང་ལ་དགའ་བསུ་ཞུ་བཞིན་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注