ཨ་མེ་རི་ཁའི་སྒོ་ཁྲལ་སྲིད་ཇུས་ལས་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་མདུན་ལྗོངས་ཇེ་སྡུག་ཏུ་བཏང་།
འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཚེས16ཉིན་བསྒྲགས་པའི་གནས་ཚུལ་གསར་བ་ལྟར་ན། ཨ་མེ་རི་ཁའི་སྒོ་ཁྲལ་སྲིད་ཇུས་ལས་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་མདུན་ལྗོངས་ཇེ་སྡུག་ཏུ་བཏང་ཡོད་པ་དང་། མིག་སྔའི་སྒོ་ཁྲལ་གྱི་གནས་བབ་འོག ཚོད་དཔལ་བྱས་ན2025ལོའི་འཛམ་གླིང་ཡོངས་ཀྱི་དངོས་ཟོང་ཉོ་ཚོང་གི་ཚད་བརྒྱ་ཆའི་ཐིག་དང་གྲངས་ཆུང་གཉིས་ཇེ་དམའ་རུ་འགྲོ་སྲིད་པ་དང་། སྒོ་ཁྲལ་དམའ་བའི་སྐབས་ཀྱི་གནས་ཚུལ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས་གསུམ་ཙམ་ཇེ་དམའ་རུ་འགྲོ་སྲིད། མེ་གླིང་བྱང་མ་ས་ཁུལ་གྱི་དངོས་ཟོང་ཉོ་ཚོང་གི་ཚད་ཇེ་དམའ་རུ་སོང་བ་ལྷག་ཏུ་མངོན་གསལ་ཡིན་ལ། ཚོད་དཔག་བྱས་ན་ཕྱིར་གཏོང་གི་ཚད་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་དྲུག་ཇེ་དམའ་རུ་འགྲོ་སྲིད་ཟེར།
སྙན་ཞུ་ལས་ཚོད་དཔག་བྱས་པ་ལྟར་ན། 2025ལོར་ཨེ་ཤ་ཡཱ་ས་ཁུལ་གྱི་ཉོ་ཚོང་ལ་ཞི་འཇམ་གྱི་འཕར་སྣོན་འབྱུང་སྲིད་པ་དང་། ཕྱིར་གཏོང་ནང་འདྲེན་གྱི་ཚད་ཆ་སྙོམས་བྱས་ན་བརྒྱ་ཆའི་གཅིག་དང་གྲངས་ཆུང་དྲུག་འཕར་སྲིད་ལ། ཡོ་རོབ་གླིང་ས་ཁུལ་གྱི་ཕྱིར་གཏོང་གི་ཚད་བརྒྱ་ཆའི་གཅིག་འཕར་བ་དང་། ནང་འདྲེན་གྱི་ཚད་བརྒྱ་ཆའི་གཅིག་དང་གྲངས་ཆུང་དགུ་འཕར་སྲིད། ས་ཁུལ་ཆེན་མོ་དེ་གཉིས་ཀྱི་ཉོ་ཚོང་འཕར་སྣོན་གྱི་ཚད་སྒོ་ཁྲལ་གྱི་ཤུགས་རྐྱེན་མ་ཐེབས་པའི་སྔོན་དང་བསྡུར་ན་ཇེ་དམའ་རུ་སོང་ཡོད་ཀྱང་། སྔར་བཞིན་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་འཕར་ཚད་མཐོ་བའི་བྱས་རྗེས་འཇོག་མཁན་གཙོ་བོ་ཡིན་པ་རེད།
སྙན་ཞུ་ལས་བཤད་རྒྱུར། ཨ་མེ་རི་ཁའི་སྒོ་ཁྲལ་སྲིད་ཇུས་ཀྱི་གཏན་འཇགས་མིན་པའི་རང་བཞིན་ལས་ཚབས་ཆེ་བའི་ཉམས་རྒུད་ཀྱི་ཉེན་ཁ་འབྱུང་བཞིན་ཡོད་པ་དང་། 2025ལོར་འཛམ་གླིང་ཡོངས་ཀྱི་དངོས་ཟོང་ཉོ་ཚོང་གི་ཚད་ཀྱི་མར་ཆག་ཚད་བརྒྱ་ཆའི་གཅིག་དང་གྲངས་ཆུང་ལྔར་བསླེབས་སྲིད་པར་མ་ཟད། ཕྱིར་གཏོང་ལ་བརྟེན་པའི་ཆེས་དར་རྒྱས་མིན་པའི་རྒྱལ་ཁབ་ལ་ཤུགས་རྐྱེན་ཆེན་པོ་བཟོ་སྲིད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注