༄༅།།ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་འཆར་ གཞི་གསར་པ་མཉམ་དུ་བཀོད་པ།
ཧོ་དབྱིན།
ཟླ་4ཚེས་14དང་15ཉིན། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་དུ་རྒྱལ་དོན་འཚམས་འདྲི་གནང་ཞིང་། ཕྱོགས་གཉིས་པོས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྤྱི་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་དང་དེ་བཞིན་མཉམ་དུ་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་སྟེ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འཆར་གཞི་གསར་པ་མཉམ་དུ་བཀོད་ཡོད། ད་ཐེངས་ཀྱི་འཚམས་འདྲི་ལས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཕེལ་རྒྱས་ལ་རྣམ་པ་གསར་པ་བཏོད་པ་མ་ཟད། ས་ཁུལ་དང་འཛམ་གླིང་གི་དར་རྒྱས་བརྟན་ལྷིང་ལའང་དྲང་ནུས་བསྣན་ཡོད་པ་རེད།
ཐེངས་འདིའི་འཚམས་འདྲི་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཟབ་ཏུ་གཏོང་རྒྱུའི་ཐད་བཏོན་གནང་བའི་བྱེད་ཐབས་ཁག་དྲུག་གིས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་སྔར་བས་འཛུགས་ཟབ་ཏུ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། བྱ་ཐབས་ཁག་དྲུག་ནི་ཆུ་ཚད་སྔར་བས་མཐོ་བའི་འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། སྔར་བས་བརྟན་པའི་བདེ་འཇགས་སྲུང་བཅད་སྐྲུན་པ། སྤུས་ཚད་སྔར་བས་མཐོ་བའི་གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ། སྔར་བས་རྒྱ་ཁྱབ་ཀྱི་དམངས་འདོད་འབྲེལ་ཐག་དམ་དུ་གཏོང་བ། སྔར་བས་དམ་ཟབ་ཀྱི་ཕྱོགས་མང་གཞོགས་འདེགས་བྱེད་པ། སྔར་བས་བཟང་བའི་མཚོ་ཐོག་མཉམ་འགུལ་བྱས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཆུ་ཚད་མཐོ་བ་དང་། སྤུས་ཚད་མཐོ་བ། ཚད་གཞི་མཐོ་བའི་ཕྱོགས་སུ་འཕེལ་བར་ཁྲིད་སྟོན་བཅས་་བྱས་ཡོད། ཏང་གཉིས་པོའི་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལྕགས་ལམ་མཉམ་ལས་ལམ་སྲོལ་སྤྱོད་འགོ་ཚུགས་པའི་མཛད་སྒོ་དང་དེ་བཞིན་ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་ཀྱིས་མིང་རྟགས་བཀོད་པའི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་45ལ་མཉམ་དུ་དཔང་པོ་གནང་བ་རེད། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་ད་ཐེངས་ཀྱི་འཚམས་འདྲི་དེ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འགྲོ་འོང་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པར་གྱུར་ནས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་ཐེབས་ངེས་རེད་ཅེས་གསུངས།
ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་རྨང་གཞི་ནི་མི་དམངས་དང་། ཁྲག་རྩ་ནི་མི་དམངས། སྟོབས་ཤུགས་ནི་མི་དམངས་ཡིན། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ནི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་སྲ་ཞིང་བརྟན་པའི་རྨང་གཞི་རེད། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་དང་ལྷན་དུ་ཀྲུང་གོ་དང་ཝེ་ཐེ་ནམ་མི་དམངས་ཀྱི་མཉམ་སྤྲོ་ཆེན་པོའི་བྱེད་སྒོའི་འཐུས་མིར་མཇལ་འཕྲད་གནང་རིང་། ཀྲུང་གོ་ཕྱོགས་ཀྱིས་སླད་ཕྱིན་ལོ་གསུམ་ནང་ཝེ་ཐེ་ནམ་གྱི་གཞོན་ནུ་ཀྲུང་གོར་གདན་དྲངས་ནས“གསར་བརྗེའི་ཞིབ་སྦྱོང་ཡུལ་སྐོར”བྱེད་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་རྒན་རབས་ཀྱི་གསར་བརྗེའི་རྗེས་ཤུལ་བརྒྱུད་པ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ཀྱི་གསར་བརྗེའི་ས་བོན་འཚོལ་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕོ་འགྱུར་ཆེན་པོར་ཉམས་ལེན་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་ཡིན་ཞེས་གསུངས། “ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལོ”གོ་སྐབས་སུ་བྱས་ནས་ཕྱོགས་གཉིས་ཀྱིས་གྲོས་བསྡུར་བརྒྱུད་མི་སེམས་དྲོས་པ་དང་དམངས་འཚོར་ཕན་པའི་རྣམ་གྲངས་སྔར་བས་མང་བ་ལག་བསྟར་བྱེད་པ་དང་། དེ་བཞིན་དྲོ་སྐྱིད་ལྡན་པ་དང་། མང་ཚོགས་དང་འབྲེལ་འདྲིས་ཆེ་བ། དམངས་སེམས་སྒྲིལ་བ་བཅས་ཀྱི་མི་ཆོས་རིག་གནས་ཀྱི་སྤེལ་རེས་བྱེད་སྒོ་སྔར་བས་མང་བ་ཡག་པོ་གཉེར་ནས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཀྱི་བརྩེ་སེམས་འབྲེལ་ཐག་སྔར་བས་ཇེ་བརྟན་དང་། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས།
ཀྲུང་གོ་དང་ཝེ་ཐེ་ནམ་ལ་ཐུན་མོང་གི་ཕུགས་བསམ་དད་སེམས་དང་འཐབ་ཇུས་ཁེ་ཕན་རྒྱ་ཁྱབ་ལྡན་ཡོད། རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་མུ་མཐུད་ཟབ་ཏུ་བཏང་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་ནང་དོན་ལ་གསོན་ཉམས་དོད་པོའི་སྒོ་ནས་གསལ་འགྲེལ་བྱས་ཏེ་མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ལེའུ་གསར་པ་བརྩམས་ཡོད་པ་རེད། ཀྲུང་གོ་དང་ཝེ་ཐེ་ནམ་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཕན་པ་ཐོབ་མཁན་ཡིན་ཞིང་། རྒྱལ་ཁབ་གཉིས་པོས་ཕྱོགས་རྐྱང་པའི་བཙན་པོ་ཧམ་ཤེད་ཀྱི་བྱེད་སྤྱོད་ལ་མཉམ་དུ་ངོ་རྒོལ་བྱེད་པ་དང་གོ་ལ་ཧྲིལ་པོའི་རང་མོས་ཉོ་ཚོང་སྒྲིག་སྲོལ་དང་། ཐོན་ལས་འཁོར་འབྲེལ། མཁོ་སྤྲོད་འཁོར་འབྲེལ་བཅས་བརྟན་པོ་ཡོང་བར་སྲུང་སྐྱོང་བྱས་ནས། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་སྔར་བས་མང་བ་བསྣན་རྒྱུ་རེད།
ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་ཀྲུང་གོས་ཝེ་ཐེ་ནམ་དང་མཉམ་དུ“ཝེ་ཐེ་ནམ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ཟབ་མོ་དང་། བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི”སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་བྱས་ཏེ་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་གཏོང་བ་དང་། བདེ་འཇགས་མཉམ་ལས་སྔར་བས་བརྟན་པ། དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་པ། དམངས་འདོད་ཀྱི་རྨང་གཞི་སྔར་བས་བརྟན་པ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་སྔར་བས་ཟབ་པ། མི་མཐུན་ཆར་དོ་དམ་ཚོད་འཛིན་དང་ཐག་གཅོད་སྔར་བས་ལེགས་པར་བྱེད་པ་བཅས“སྔར་བས་དྲུག”གི་སྤྱིའི་དམིགས་ཚད་ལ་གཞིགས་པ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་འགན་ལེན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注