ཨར་ཅི་རི་ཡཱ་ཡིས་མཱ་ལི་སོགས་སུ་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་བོས་ནས་མཱ་ལིའི་བར་གྱི་གནམ་གྲུ་གཏོང་མཚམས་བཞག
ཨར་ཅི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས7ཉིན་གསལ་སྒྲོག་སྤེལ་ཏེ། འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས་མཱ་ལི་དང་ནེ་ཀྲིར་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་འབོད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། པུ་ཁི་ནཱ་ཧྥ་སོ་རུ་སྡོད་པའི་གཞུང་ཚབ་ཆེན་མོས་ལས་འགན་ཁུར་བའི་བྱ་བ་རྗེས་སུ་སྣུར། ཨར་ཅི་རི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་མཱ་ལིའི་བར་གྱི་གནམ་གྲུ་གཏོང་མཚམས་བཞག་པ་ཁྱབ་བསྒྲགས་བྱས།
མཱ་ལི་དང་པུ་ཁི་ནཱ་ཧྥ་སོ། ནེ་ཀྲིར་བཅས་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་གིས་ཚེས6ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཨར་ཅི་རི་ཡཱ་རུ་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོ་ཕྱིར་བོས་ནས། ཨར་ཅི་རི་ཡཱ་ཕྱོགས་ཀྱིས་དེའི་སྔོན་མཱ་ལིའི་དམག་བཀོལ་མི་མེད་གནམ་གྲུ་ཞིག་སར་ཕངས་པར་ངོ་རྒོལ་བྱས། མཱ་ལིའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཡིས་ཚེས6ཉིན་གསལ་སྒྲོག་སྤེལ་ཏེ། རྟོག་ཞིབ་རགས་ཙམ་བྱས་པ་བརྒྱུད། མཱ་ལི་ཕྱོགས་ཀྱིས་མི་མེད་གནམ་གྲུ་ནི་ཨར་ཅི་ཡཱའི་འཆར་གཞི་ཡོད་པའི་དགྲར་འཛིན་འགུལ་སྐྱོད་ཁྲོད་སར་འཕངས་པ་ཁོ་ཐག་རེད་ཟེར།
ཨར་ཅི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས7ཉིན་གསལ་སྒྲོག་སྤེལ་ཏེ། མཱ་ལི་དང་སཱ་ཧི་ལེ་རྒྱལ་ཁབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པས་ཨར་ཅི་རི་ཡཱ་ཕྱོགས་ལ་སྐྱོན་འཛུགས་བྱས་པ་ནི་ཁུངས་ལུང་ཅི་ཡང་མེད་པའི་བྱ་སྤྱོད་ངན་པ་ཞིག་རེད་ཟེར། ལེ་ཏཱའི་བརྙན་རིས་ལས་མི་མེད་གནམ་གྲུ་དེས་ཨར་ཅི་རི་ཡཱའི་མཁའ་ཁོངས་སུ་སྤྱི་ལེ་གཅིག་དང་གྲངས་ཆུང་དྲུག་ཙམ་བརྒལ་བ་དང་། དེ་ནི་མཱ་ལིའི་མི་མེད་གནམ་གྲུས་ཟླ་འགའི་རིང་ཨར་ཅི་རི་ཡཱའི་མཁའ་ཁོངས་སུ་བཙན་འཛུལ་བྱས་པ་ཐེངས་གསུམ་པ་རེད། མི་མེད་གནམ་གྲུ་དེའི་འགུལ་སྐྱོད་ནི་དགྲར་འཛིན་འགུལ་སྐྱོད་དུ་ངོས་འཛིན་བྱས་ཡོད་ལ། ཨར་ཅི་རི་ཡཱའི་མཁའ་སྲུང་དམག་དཔུང་བཀོད་འདོམ་པུའུ་ཡིས་བཀའ་རྒྱ་བཏང་ནས་སར་འཕངས་པ་རེད། ཨར་ཅི་རི་ཡཱའི་སྲིད་གཞུང་གིས་ད་རུང་ནེ་ཀྲིར་དང་པུ་ཁི་ནཱ་ཧྥ་སོ་རྒྱལ་ཁབ་གཉིས་ཀྱིས་མཱ་ལིའི་ཕྱོགས་ནས་བསྡད་དེ་ཉོག་བཤད་བྱས་པར་ཡིད་འཕང་བའི་ཚུལ་བསྟན།
ཨར་ཅི་རི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མཱ་ལི་ཡིས་ཐེངས་མང་བོར་ཨར་ཅི་རི་ཡཱའི་མཁའ་ཁོངས་སུ་བཙན་འཛུལ་བྱས་པ་དང་། ཨར་ཅི་རི་ཡཱའི་སྲིད་གཞུང་གིས་ཚེས7ཉིན་ནས་བཟུང་མཱ་ལིའི་བར་གྱི་གནམ་གྲུ་གཏོང་མཚམས་འཇོག་རྒྱུ་ཐག་བཅད་ཡོད།
ཉེ་བའི་ལོ་འགའི་རིང་ལ། མཱ་ལི་དང་ཨར་ཅི་རི་ཡཱའི་འབྲེལ་བ་བསྟུད་མར་ཛ་དྲག་ཏུ་གྱུར་བ་དང་། མཱ་ལི་ཕྱོགས་ཀྱིས་དེའི་སྔོན་ཨར་ཅི་རི་ཡཱ་ཡིས་མཐའ་མཚམས་ས་ཁུལ་གྱི་འཇིགས་སྐུལ་རྩ་འཛུགས་ལ་འགེབས་སྲུང་བྱས་པར་སྐྱོན་འཛུགས་བྱས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注