ཨ་མེ་རི་ཁའི་བྱང་ཆིངས་རྩ་འཛུགས་སུ་སྡོད་པའི་དམག་དོན་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ལས་འགན་བླངས།
ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས8ཉིན་ཁས་ལེན་བྱས་དོན། བྱང་ཆིངས་རྩ་འཛུགས་སུ་སྡོད་པའི་ཨ་མེ་རི་ཁའི་དམག་དོན་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁྲ་ཐི་ཧྥེ་ཨར་ཏི་ཡི་ལས་འགན་བླངས་ཡོད་ཟེར།
ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཕཱ་ནེ་ཨར་གྱིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། རྒྱལ་སྲུང་བློན་ཆེན་ཧི་ཀི་སེ་སི་ཡིས་ཁྲ་ཐི་ཧྥེ་ཨར་ཏི་ཡི་མགོ་ཁྲིད་ནུས་པར་ཡིད་ཆེས་ཤོར་བའི་དབང་གིས། ཁོའི་ཨ་མེ་རི་ཁའི་བྱང་ཆིངས་རྩ་འཛུགས་སུ་སྡོད་པའི་དམག་དོན་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ལས་འགན་བླངས་ཡོད་ཟེར།
ཧྭ་ཧྲིན་ཐོན་གྱི་སྦྲགས་སྲིད་ཚགས་པར་གྱིས་བསྒྲགས་པ་ལྟར་ན། ཁྲ་ཐི་ཧྥེ་ཨར་ཏི་ལ་གཟའ་འཁོར་སྔོན་མའི་མཇུག་ཏུ་ལས་འགན་ལེན་པའི་བརྡ་ཐོ་འབྱོར་བ་དང་། ཁོ་མོའི་ལས་འགན་དེ་བྱང་ཆིངས་རྩ་འཛུགས་ཀྱི་ལག་རོགས་གཞོན་པ། སྐམ་དམག་རྒྱལ་དམངས་ཉེན་སྲུང་རུ་ཁག་གི་དམག་དཔོན་ཧྥེ་ལིན་གྱིས་གནས་སྐབས་སུ་འགན་ལེན་བྱེད་རྒྱུ་རེད་ཟེར།
ཁྲི་ཐི་ཧྥེ་ཨར་ཏི་ད་ལོར་ལོ་ང་དགུ་ཡིན་པ་དང་། ཨ་མེ་རི་ཁའི་མཚོ་དམག་ཁྲོད་ཀྱི་སྐར་གསུམ་རིམ་པའི་བུད་མེད་དམག་དཔོན་གྱི་གྲས་ཡིན་ལ། སྔོན་ཆད་ཨ་མེ་རི་ཁའི་མཚོ་དམག་འཐབ་འཁྲུག་སློབ་གླིང་གི་ཡོན་ཀྲང་གི་འགན་ཁུར་མྱོང་བ་དང་། སློབ་གླིང་དེའི་ལོ་རྒྱུའ་སྟེང་གི་བུད་མེད་ཡོན་ཀྲང་ཐོག་མ་རེད།
གཞན་ཡང་ཨ་མེ་རི་ཁའི་རྒྱལ་ཡོངས་རྒྱང་སྒྲོག་ཀུང་ཟིའི་གསར་འགྱུར་ཁང་གིས་ཚེས8ཉིན་བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་སྲིད་གཞུང་གིས་ཡོ་རོབ་གླིང་ཤར་མ་ནས་ཨ་མེ་རི་ཁའི་དམག་མི་ཁྲི་གཅིག་ཕྱིར་འཐེན་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ལ། དམག་མི་དེ་དག་ནི་པེད་ཏིན་སྲིད་གཞུང་གིས2022ལོར་བཀོད་སྒྲིག་བྱས་པའི་ཁག་ཅིག་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注