དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་ཨར་ཅི་རི་ཡཱ་རུ་འཚམས་འདྲི་བྱས་ཏེ་དབུས་ཤར་ས་ཁུལ་གྱི་གནས་བབ་སོགས་ལ་གྲོས་བསྡུར་བྱས།
ཨར་ཅི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས8ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཨར་ཅི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་ཨ་ཐཱ་ཧྥུའུ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་དབུས་ཤར་ས་ཁུལ་གྱི་གནས་བབ་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ནས་བརྗེ་རེས་ཟབ་མོ་བྱས།
གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་དབུས་ཤར་ས་ཁུལ་གྱི་སྤྱིའི་གནས་བབ་དང་ཁྱད་པར་དུ་ཕཱ་ལེ་སི་ཐན་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་དག་གིས་མུ་མཐུད་དུ་བཙན་འཛུལ་གྱི་སྡུག་བསྔལ་མྱོང་བཞིན་པར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན། ཕྱོགས་གཉིས་ཀྱིས་ད་རུང་ཨར་ཅི་རི་ཡཱ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་འབྲེལ་བར་གྲོས་བསྡུར་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྲ་བརྟན་དུ་གཏོང་བའི་ཐབས་ལམ་ལ་གྲོས་བསྡུར་བྱས།
གཞན་ཡང་ཨར་ཅི་རི་ཡའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨར་ཅི་རི་ཡཱའི་ཙུང་ཐུང་ཐི་པིན་གྱིས་ཉིན་དེར་རྒྱལ་ས་ཨར་ཅིར་ནས་ཨ་ལཱ་ཀི་ཆི་ལ་ཐུག་འཕྲད་བྱས་པ་དང་། ཨ་ལཱ་ཀི་ཆི་ཡིས་གྲོས་མོལ་བྱས་རྗེས་སྨྱན་བྱད་ལ་བསྟན་དོན། དབྱི་ལིང་དང་ཨར་ཅི་རི་ཡཱ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཟབ་ཅིང་བརྟན་བརླིང་ཡིན་པ་དང་། ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་ཀྱི་བསམ་འཆར་གཅིག་མཚུངས་ཡིན་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注