ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཨ་མེ་རི་ཁའི་དམག་དཔུང་གིས་ཧི་ཐེ་ཏཱ་གྲོང་ཁྱེར་དུ་བར་སྣང་འཇབ་རྒོལ་བྱས་པའི་ཚུལ་བསྟན།

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་འཕྲོད་བསྟེན་སྡེ་ཁག་གིས་ཚེས8ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེའི་དགོང་མོར་ཡེ་མིན་གྱི་གྲུ་ཁའི་གྲོང་ཁྱེར་ཧི་ཐེ་ཏཱ་རུ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གསུམ་ལ་རྨས་ཕོག་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ས་ནི་ཧི་ཐེ་ཏཱའི་སྡེ་ཁུལ་ཞིག་ཡིན་པ་དང་། རྒུད་སྐྱོབ་མི་སྣས་ཡུལ་དངོས་སུ་སྲོག་ཉེན་ལས་ཐར་བའི་མི་འཚོལ་བཤེར་བྱེད་བཞིན་ཡོད་ལ། མེ་གསོད་མི་སྣས་མེ་གསོད་བཞིན་ཡོད་ཟེར། ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས་བརྒྱད་ཉིན་བཏང་བའི་བརྙན་རིས་ལས་མངོན་པ་ལྟར་ན། མང་ཚོགས་མང་བོ་འཇབ་རྒོལ་ཐེབས་སའི་ཡུལ་དངོས་སུ་འདུས་ཡོད་པ་དང་། ལག་ཏུ་གློག་སྒྲོན་བཟུང་ནས་ཞིག་རོའི་ཁྲོད་དུ་སྔོག་བཤེར་བྱེད་བཞིན་ཡོད་ལ། ཤི་རྨས་ཐེབས་པའི་མི་རྣམས་མྱུར་སྐྱོབ་རླངས་འཁོར་དུ་འཇོག་བཞིན་ཡོད་པ་རེད།

གཞན་ཡང་ས་དེའི་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་ཚེས་བརྒྱད་ཉིན་གསར་འགོད་པར་བཤད་རྒྱུར། ཡེ་མིན་གྱི་ཨ་མུའུ་ལན་ཞིང་ཆེན་ནུབ་ངོས་ཀྱི་ཏིས་པེན་ས་ཁུལ་གྱི་གློག་འཕྲིན་སྒྲིག་ཆས་ལ་ཉིན་དེའི་དགོང་མོར་བར་སྣང་འཇབ་རྒོལ་ཐེབས། མིག་སྔར་མི་སྣར་ཤི་རྨས་ཐེབས་པའི་སྙན་ཞུ་བསྒྲགས་མེད།

ཨ་མེ་རི་ཁ་ཕྱོགས་ཀྱིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།

མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས8ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་དང་མཱ་ལི་པུའུ་ཞིང་ཆེན་གྱི་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་ཐེངས་ཉེར་གཉིས་སྤེལ་བ་རེད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号