ཨོ་སི་ཁྲུ་ལི་ཡཱ་ཡིས་ཟླ5བའི་ཚེས3ཉིན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།

ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨ་ཨར་པཱ་ནེ་སི་ཡིས་ཚེས28ཉིན་ཁྱབ་བསྒྲགས་བྱས་དོན། ཨོ་སི་ཁྲུ་ལི་ཡཱ་ཡིས་ད་ལོའི་ཟླ5བའི་ཚེས3ཉིན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།

ཨ་ཨར་པཱ་ནེ་སི་ཚེས28ཉིན་གྱི་སྔ་དྲོར་རྒྱལ་ས་ཁན་ཕའེ་ལཱ་རུ་ཡོད་པའི་ཙུང་ཏུའུ་བཞུགས་ཤག་ཏུ་སོང་ནས་ཨོ་སི་ཁྲུ་ལི་ཡཱའི་ཙུང་ཏུའུ་མའོ་སི་ཐིན་ལ་ཐུག་འཕྲད་བྱས། ཁོས་དེའི་རྗེས་སུ་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མའོ་སི་ཐིན་གྱིས་ཁོའི་གྲོས་གཞི་དང་ལེན་བྱས་པ་དང་། ཨོ་སི་ཁྲུ་ལི་ཡཱ་ཡིས་ཟླ5བའི་ཚེས3ཉིན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་ནས། ཨོ་སི་ཁྲུ་ལི་ཡཱའི་སྐབས་ཞེ་བརྒྱད་པའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་རྩ་འཛུགས་བྱེད་རྒྱུ་ཡིན་ཟེར།

ཨ་ཨར་པཱ་ནེ་སི་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། གལ་ཏེ་ཁོས་མགོ་ཁྲིད་པའི་བཟོ་བའི་ཏང་ལ་ཐེངས་འདིའི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ན། ཁོས་ཡང་བསྐྱར་ཙུང་ལིའི་འགན་ཁུར་རྒྱུ་ཡིན་ཟེར།

ཨོ་སི་ཁྲུ་ལི་ཡཱ་ཡིས་ལོ་གསུམ་གྱི་ནང་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཐེངས་རེ་སྤེལ་བཞིན་ཡོད་པ་རེད། 2022ལོའི་ཟླ5བར། ཨ་ཨར་པཱ་ནེ་སི་ཡིས་མགོ་ཁྲིད་པའི་བཟོ་བའི་ཏང་ལ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号