ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་གིས་ཕུའུ་ཅིན་དང་ཐི་ལིང་ཕུའུ་གཉིས་ཕན་ཚུན་རྒྱུས་ལོན་ཡོད་ཅིང་ཡིད་ཆེས་ཡོད་པའི་ཚུལ་བསྟན།
ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས19ཉིན་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཕན་ཚུན་ལ་རྒྱུས་ལོན་ཡོད་ཅིང་ཡིད་ཆེས་ཡོད་ལ། ཕྱོགས་གཉིས་ཀྱིས་རིམ་བཞིན་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བ་མངོན་འགྱུར་བྱེད་འདོད་ཡོད་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕུའུ་ཅིན་དང་ཐི་ལིང་ཕུའུ་ཡིས་ཚེས18ཉིན་དུས་ཚོད་གཉིས་ཙམ་ལ་ཁ་པར་གྲོས་མོལ་བྱས། ཁོ་གཉིས་ཀྱི་འགྱུར་མེད་ཀྱི་རེ་འདུན་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་ཁག་ཐེག་ཆེས་བཟང་བོ་ཡིན་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་བདེན་དཔང་བྱས་དོན། ཨུ་རུ་སི་དང་ཨ་མེ་རི་ཁའི་མགོ་གཙོས་ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་གྱི་གནད་དོན་ལ་གྲོས་བསྡུར་བྱས་ཟེར། ཁོས་བསྟན་དོན། གནད་དོན་དེ་ཧ་ཅང་གནད་འགག་ཡིན་པར་མངོན་གསལ་གྱིས་གྲོས་བསྡུར་བྱེད་མི་རུང་བར་འདོད། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན་ཝུའུ་ཁི་ལན་བར་གྱི་དམག་དོན་རོགས་སྐྱོར་མཚམས་འཇོག་པ་ཧ་ཅང་གལ་ཆེན་ཞིག་ཡིན་པ་དང་། དོན་དེའི་ཐད་ནས་མུ་མཐུད་དུ་ཨ་མེ་རི་ཁའི་བར་འབྲེལ་འདྲིས་བྱེད་འདོད་ཡོད་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་ད་རུང་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁའི་མགོ་གཙོའི་ཁ་པར་གྲོས་མོལ་གྱི་ནང་དོན་ལ་ནུབ་ཕྱོགས་ཀྱིས་ཁི་ལི་མུས་ཡཱ་དང་ཏོན་པཱ་སི་སོགས་ས་ཁུལ་དེ་ཨུ་རུ་སིའི་མངའ་ཁོངས་ཡིན་པར་ཁས་ལེན་བྱེད་པའི་ནང་དོན་ལ་འབྲེལ་མེད། གླེང་མེད་པའི་གྲོས་གཞིར་ད་རུང་ཡོ་རོབ་གླིང་མནའ་འབྲེལ་ཝུའུ་ཁི་ལན་གྱི་གནད་དོན་གྱི་གྲོས་མོལ་ནང་ཞུགས་སྲིད་པ་དང་ཨུ་རུ་སི་དང་ཨ་མེ་རི་ཁས་ཐད་གཏོང་གནམ་གྲུ་སླར་གསོ་བྱེད་པ། ཝུའུ་ཁི་ལན་དུ་ཞི་བདེ་སྲུང་སྐྱོབ་དམག་དཔུང་བཀོད་སྒྲིག་བྱེད་པ་སོགས་འདུས།
ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁས་ཉེ་བའི་ཉིན་གཉིས་ཀྱི་རིང་ཐེངས་རྗེས་མའི་གྲོས་མོལ་གྱི་བྱེ་བྲག་གི་དུས་ཚོད་དང་གྲོས་མོལ་མི་སྣའི་གྲུབ་ཚུལ་ལ་གྲོས་མཐུན་འགོད་རྒྱུ་ཡིན་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注