ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པ་དང་ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གིས་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ནས་གྲོས་མོལ་བྱས།
ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་ཚབ་མ་མུའུ་ཐཱ་ཅི་ཡིས་ཚེས20ཉིན་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་བཙོན་མ་ཕྱིར་གཏོང་བ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས།
ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་གཞོན་པ་ཨེ་ཧཱ་མེད་ཏི་ཡིས་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པར་ཨ་མེ་རི་ཁའི་ཙུང་ཐུང་གི་མི་གཏའི་ལས་དོན་གྱི་ཆེད་མངག་ཕོ་ཉ་པའོ་ལེ་ཨར་གྱིས་སྣེ་ཁྲིད་བྱས་ཡོད་པ་དང་། རྗེས་འཇུག་མི་སྣར་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་སྔོན་ཆད་ཀྱི་གཞུང་ཚབ་ཆེན་མོ། ཨ་མེ་རི་ཁའི་སྲིད་གཞུང་གི་ཨ་ཧྥུའུ་ཧན་གྱི་འགྲིག་མཐུན་ལས་དོན་གྱི་དམིགས་བསལ་འཐུས་མི་ཧཱ་ལེ་ལེ་ཀྲ་ཏི་ཡོད།
ཧཱ་ལེ་ལེ་ཀྲ་ཏི་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཨ་མེ་རི་ཁའི་སྤྱི་དམངས་ཆོ་ཀྲི་ཀི་ལའེ་ཙི་མན་ཕྱིར་གཏོང་བར་འཐད་པ་བྱུང་བ་དང་། ཁོ་ཁཱ་པོར་ནས་ལོ་གཉིས་ལ་བཀག་བསྐྱིལ་བྱས་རྗེས་རང་དབང་ཐོབ་པ་རེད་ཟེར། པའོ་ལའེ་ཨར་གྱིས་བསྟན་དོན། ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་རྒྱལ་ཁབ་གཉིས་ཀྱིས་བཙོན་མ་ཕྱིར་གཏོང་བའི་གནད་དོན་ཐད་ནས་གྲུབ་འབྲས་ལེན་པ་ནི་ཕན་ཚུན་ཡིད་ཆེས་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཡིན་ཟེར།
ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས20ཉིན་གསལ་སྒྲོག་སྤེལ་ཏེ་བདེན་དཔང་བྱས་དོན། ཁཱ་ཐར་གྱིས་བར་འདུམ་བྱས་པ་བརྒྱུད། ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་དང་ཨ་མེ་རི་ཁའི་སྲིད་གཞུང་གིས་གྲོས་མཐུན་བཀོད་ནས། ཨ་མེ་རི་ཁའི་མཁའ་འགྲུལ་འཕྲུལ་ཆས་ལག་རྩལ་པ་ཆོ་ཀྲི་ཀི་ལའེ་ཙི་མན་ཕྱིར་བཏང་བ་དང་། ཀི་ལའེ་ཙི་མན་ཕྱིར་ཨ་མེ་རི་ཁར་ལོག་བཞིན་ཡོད་ཟེར།
དེ་ནི2021ལོའི་ཟླ8པའི་ཚུན་ལ། ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཐོག་དང་པོར་ཨ་ཧྥུའུ་ཧན་དུ་འཚམས་འདྲི་བྱས་ནས་ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་དཔོན་རིགས་དང་གྲོས་མོལ་བྱས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注