འཇར་མན་གྱི་ཙུང་ལི་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པ་མྱུར་དུ་མངོན་འགྱུར་བྱེད་དགོས་པའི་ཚུལ་བསྟན།

འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་ཚེས18ཉིན་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཐུག་འཕྲད་བྱས་རྗེས་བསྟན་དོན། ཨ་མེ་རི་ཁ་དང་ཨུ་རུ་སིའི་མགོ་ཁྲིད་པས་ཁ་པར་གྲོས་མོལ་བྱེད་སྐབས་ཁྱབ་བསྒྲགས་བྱས་པའི་འཁྲུག་རྩོད་མཚམས་འཇོག་པ་དེ་ནི་གོ་རིམ་གལ་ཆེན་ཞིག་ཡིན་པ་དང་། དེའི་རྗེས་སུ་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་ཟེར།

ཧྲའོ་ཨར་ཚི་ཡིས་བསྟན་དོན། ཁོ་དང་མཱ་ཁི་ལུང་གིས་བལྟས་ན། བྱ་བ་ཡོད་ཚད་ཀྱི་དམིགས་འབེན་ནི་ཝུའུ་ཁི་ལན་གྱི་དྲང་བདེན་དང་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་ཆེད་ཡིན། ཝུའུ་ཁི་ལན་ཕྱོགས་ཀྱིས་ཡོ་རོབ་གླིང་གི་རྒྱབ་སྐྱོར་ལ་བརྟེན་ཆོག་པ་དང་། ཨ་མེ་རི་ཁའི་རྒྱབ་སྐྱོར་ཡང་སྔར་བཞིན་གལ་ཆེན་ཡིན་ཟེར།

ཡིན་ཡང་འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ཕིས་སི་ཐའོ་ལི་ཝུའུ་སི་ཡིས་ཚེས19ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་ཨུ་རུ་སིའི་མགོ་ཁྲིད་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཉིན30ནང་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ཀྱི་འཇབ་རྒོལ་མཚམས་འཇོག་པའི་གྲོས་གཞི་དེར་དོན་སྙིང་ཅི་ཡང་མེད་ཟེར། ཁོས་འཇར་མན་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་ཆ་རྐྱེན་དེ་གཙོ་བོ་ཝུའུ་ཁི་ལན་གྱི་སྟོབས་ཤུགས་ཇེ་ཞན་དུ་བཏང་ནས། ཨུ་རུ་སིའི་ཕྱོགས་ལ་སྔར་ལས་མང་བའི་དམག་དཔུང་གཅིག་བསྡུས་བྱེད་ཆེད་ཡིན་ཟེར། ཁོས་ད་རུང་བཤད་རྒྱུར། ཨ་མེ་རི་ཁ་དང་ཨུ་རུ་སིའི་མགོ་ཁྲིད་པས་ཡོ་རོབ་གླིང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་གྲོས་མོལ་གྱི་ཕྱིར་ཕུད་པ་ནི་ནོར་འཆུག་ཅིག་རེད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号