ཧཱ་མཱ་སི་ཡིས་དབྱི་སི་རལ་དམག་དཔུང་གི་ས་ངོས་འགུལ་སྐྱོད་དེ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་ཡོད་པའི་ཚུལ་བསྟན།

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དབུས་ཕྱོགས་ཀྱི་ནེ་ཁྲ་ལི་མུའུ་བར་ཁྱམས་སུ་ས་ངོས་འགུལ་སྐྱོད་སྤེལ་བ་དེ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཧཱ་མཱ་སི་ཡིས་བཀོད་ཟིན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དམ་བཅའ་བསྐྱར་སྒྲོག་བྱས་པར་མ་ཟད། བར་འདུམ་ཕྱོགས་ཁག་གིས་འགན་འཁྲི་ཁུར་དུ་བླངས་ནས། འགན་མི་རུང་བའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་དེ་དག་ལ་བཀག་འགོག་བྱེད་པ་དང་། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བྱ་སྤྱོད་དེ་དག་སྤེལ་མཚམས་འཇོག་པ་དང་འབྱུང་སྲིད་པའི་མཇུག་འབྲས་གང་རུང་ལ་འགན་ཡོངས་སུ་ཁུར་དུ་འཇུག་པའི་འབོད་སྐུལ་བཏང་།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། འདས་པའི་ཉིན་གཅིག་གི་ནང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་དབུས་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་དུ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ས་ངོས་འགུལ་སྐྱོད་སྤེལ་བ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་སྔར་ལས་ལྷག་པའི་སྒོ་ནས་ཅཱ་ཧྲའི་བྱང་ངོས་དང་ལྷོ་ངོས་སུ་འབྲེལ་བའི་ནེ་ཁཱ་ལི་མུའུ་བར་ཁྱམས་ཀྱི་ཚོད་འཛིན་ཁྱབ་ཁོངས་རྒྱ་བསྐྱེད་ཡོད་ཟེར།

ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས19ཉིན་སྤེལ་བའི་གཞི་གྲངས་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་ཉིན་གཉིས་ནང་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་ལས་ཉུང་མཐར་ཡང་མི436རྐྱེན་ལམ་དུ་ཤོར་བ་དང་། མི678ལ་རྨས་ཕོག་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号