འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁ་ཕྱོགས་ཀྱིས་བྱེད་ཐབས་སྤྱད་ནས་འཇར་པན་དང་ཨ་མེ་རི་ཁའི་དངུལ་གཏོང་སེམས་ཁུར་མེད་པར་གཏོང་དགོས་པའི་ཚུལ་བསྟན།

འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཡན་ཝུའུ་དབྱེ་ཡིས་ཚེས7ཉིན་ཏུང་ཅིང་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་འཇར་པན་གྱི་རྣོ་ལྕགས་ཀུང་ཟིས་ཨ་མེ་རི་ཁའི་རྣོ་ལྕགས་ཀུང་ཟི་བསྡུ་ཉོ་བྱེད་པའི་ཆོད་དོན་ལ་བཀག་འགོག་བྱེད་པར་ཧ་ཅང་ཡིད་འཕང་བའི་ཚུལ་བསྟན་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་བྱེད་ཐབས་སྤྱད་ནས་འཇར་པན་དང་ཨ་མེ་རི་ཁའི་བར་གྱི་དངུལ་གཏོང་སེམས་ཁུར་མེད་པར་གཏོང་དགོས་པའི་རེ་བ་བཏོན།

གྲོས་མོལ་བྱེད་སྐབས། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་རྒྱུ་མཚན་དུ་བྱས་ནས་འཇར་པན་གྱི་རྣོ་ལྕགས་ཀུང་ཟིས་ཨ་མེ་རི་ཁའི་རྣོ་ལྕགས་ཀུང་ཟི་ཉོ་བསྡུ་བྱེད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། འཇར་པན་གྱི་ཁེ་ལས་ཀྱིས་ཨ་མེ་རི་ཁར་དངུལ་གཏོང་བྱེད་པ་འདུས་པའི་འཇར་པན་དང་ཨ་མེ་རི་ཁའི་དཔལ་འབྱོར་འབྲེལ་བའི་གལ་ཆེན་རང་བཞིན་ནན་བཤད་བྱས།

ཕྱོགས་གཉིས་ཀྱིས་ད་རུང་འཇར་པན་དང་ཨ་མེ་རི་ཁའི་མནའ་མཐུན་དང་། འཇར་པན་དང་ཨ་མེ་རི་ཁའི་དཔལ་འབྱོར་འབྲེལ་བ། དབུས་ཤར་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号