“རྒྱལ་དོན་གྱི་ཆེ་ཕྱོགས”ཡིད་ལ་བརྟན་པོར་བཅངས་ཏེ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ།
དགུན་དུས་ཀྱི་གཙང་གསུམ་འགོ་ཁུངས་ཀྱིས་དངུལ་མདོག་གི་ལྭ་བ་བཀླུབས་ཤིང་། མཚོ་མོ་ནི་མེ་ལོང་ལྟར་དྭངས་ཤིང་གསལ། རླབས་རྒྱུན་བར་མེད་དུ་འཕྱོ་བའི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་དག་ཞིང་གི་མཐོ་སྒང་འདི་ནས་བཞུར་ཅིང་། རྔམ་བརྗིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རི་ཀླུང་དང་གྲོག་རོང་མང་པོ་བརྒལ་ཏེ་རྒྱང་ལ་བཞུར་བཞིན་ཡོད།
མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་པ་དང་།འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་ལ།སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད། མཚོ་སྔོན་གྱི་དམིགས་བསལ་གྱི་ཞིང་ཆེན་གནས་བབ་དང་ངེས་གནས་ཀྱིས་དེའི་སྐྱེ་ཁམས་ཁོར་ཡུག་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་གལ་ཆེའི་རང་བཞིན་ལྡན་པ་གཏན་འཁེལ་བྱས་ཡོད། གལ་ཏེ་མཚོ་སྔོན་གྱི་བྱ་བ་སོ་སོ་ཡལ་འདབ་རབ་ཏུ་རྒྱས་པའི་ཤིང་སྡོང་ཆེན་པོ་ཞིག་ཡིན་པའི་དབང་དུ་བཏང་ན། སྐྱེ་ཁམས་ནི་སྲ་བརྟན་གྱི་གཞུང་རྟ་ཡིན་པ་དང་།གཞུང་རྟའི་མཐའ་བསྐོར་བའི་ཡལ་ག་ཚང་མར་སྐྱེ་སྟོབས་ཀྱིས་ཁེངས་ཡོད།རྨ་ཆུའི་འགོ་ཁུངས་སུ་གནས་པའི་རྨ་སྟོད་རྫོང་ནི་དུས་རབས་གོང་མའི་ལོ་རབས80པའི་དུས་འགོར། རྒྱལ་ཡོངས་ཀྱི་བགོ་བཤའི་ཆུ་ཚད་ཨང་དང་པོ་ཡིན་པའི་རྫོང་ཕྱུག་པོ་ཞིག་ཡིན། ཡིན་ནའང་སྒོ་ཕྱུགས་འཚོ་སྐྱོང་མང་དྲགས་པ་དང་གསེར་གཏེར་གང་བྱུང་དུ་སྔོག་འདོན་བྱེད་པ་སོགས་གོ་རིམ་མེད་པར་གསར་སྤེལ་བྱས་པའི་དབང་གིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས་ཏེ།དེ་སྔའི་རྫོང་ཕྱུག་པོ་དེ་སྐབས་ཤིག་ལ་རྒྱལ་ཡོངས་ཀྱི་དབུལ་ཕོངས་རྫོང་དུ་གྱུར།གཙང་གསུམ་འགོ་ཁུངས་ཀྱི་སྐྱེ་ཁམས་ཉམས་ཉེན་ནུས་ལྡན་ངང་སེལ་ཆེད།2000ལོར་མཚོ་སྔོན་གྱིས་བློ་ཐག་ཆོད་པོའི་སྒོ་ནས་གཙང་གསུམ་འབྱུང་ཡུལ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་པར་མ་ཟད།2003ལོར་རྒྱལ་ཁའི་ངང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གོ་གནས་སྤར། 2018ལོའི་ལོ་མཇུག་བར། མཚོ་སྔོན་གྱིས་རིམ་བསགས་སྒོས་མ་དངུལ་དུང་ཕྱུར244བཏང་ནས། གཙང་གསུམ་འབྱུང་ཡུལ་གྱི་དུས་རིམ་དང་པོ་དང་གཉིས་པའི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་ཞེས་པའི་དུས་ཡུན་རིང་ལ་གཞི་རྒྱ་ཆེ་བར་མ་ཟད་མ་ལག་འཐུས་སྒོ་ཚང་བའི་བཟོ་འགོད་འདི་སྤེལ་བས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཇེ་སྡུག་ཏུ་འགྲོ་བའི་རྣམ་པ་ཐོག་མར་བསྒྱུར།གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཉམས་གསོ་བཟོ་འགོད་གཏིང་ཟབ་ཏུ་སྤེལ་བ་ལས་ཐོག་མར་ཆུ་ཁུངས་གསོག་སྐྱིལ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན། ཚན་རིག་དང་མཐུན་ལ། གནད་ལ་འཁེལ་ཞིང་ནུས་པ་ལྡན་པའི་སྐྱེ་ཁམས་བཅོས་སྐྱོང་བྱེད་ཐབས་རབ་དང་རིམ་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་གསོག་སྐྱིལ་བྱེད་ཚད་མུ་མཐུད་དུ་ཆེ་རུ་ཕྱིན་ནས་རྨ་ཆུ་དང་འབྲི་ཆུ།རྫ་ཆུ་སོགས་གཙང་ཆེན་ཆུ་ཆེན་དག་ལ་སྔར་ལས་བརྟན་ཞིང་ཕུན་སུམ་ཚོགས་པའི་ཆུའི་ཐོན་ཁུངས་གསབ་པར་བྱས།གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་འགོ་ཚུགས་རྗེས། སླར་ཡང་སྔ་གཞུག་ཏུ་མ་དངུལ་སྒོར་དུང་ཕྱུར86.61བཏང་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པ་སྟེ། དཔེར་ན། སྐོར་སྲུང་བགྲོད་ལམ་བཟོ་སྐྲུན་དང་ཁོར་ཡུག་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་སོགས་དང་། དེ་མིན་ས་ནག་ཐང་བཅོས་སྐྱོང་དང་བྱེ་ཐང་ཅན་གྱི་ས་ཆ་འགོག་བཅོས། ཉམས་ཞན་རྩྭ་ར་ལེགས་བཅོས། བརླན་ས་སྲུང་སྐྱོབ། གནོད་ལྡན་སྐྱེ་དངོས་འགོག་བཅོས་སོགས་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས། དུས་མཚུངས་སུ། ནུས་ཤུགས་ཡོད་རྒུས་ཆུ་ཁུངས་སྲུང་སྐྱོབ་བྱ་ཆེད། མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་དུ་གནས་པའི་གཏེར་ལས་དབང་ཆ་དང་ཆུ་གློག་ས་ཚིགས48ཡོད་པ་ཚང་མ་བློ་ཐག་ཆོད་པོའི་སྒོ་ནས་མེད་པར་བཟོས་པ་དང་ཆ་ཤས་བློས་བཏང་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁྱོན་ཡོངས་ལ་གྲུབ་འབྲས་བླངས།གཞི་གྲངས་ལས་ཕན་འབྲས་མངོན་པ་དང་ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད། ནགས་ཚལ་དང་རྩྭའི་ཁེབས་ཚད74%ལས་བརྒལ་བ་དང་། ས་ནག་ཐང་བཅོས་སྐྱོང་ཁུལ་གྱི་སྔོ་ཁེབས་ཚད20%མི་ལོངས་པ་ནས80%ཡན་དུ་ཆེས་ཆེར་མཐོ་རུ་ཕྱིན་པ་དང་།རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད2020ལོར61.9%ལ་བུད་ཡོད་པ་དེ2015ལོ་དང་བསྡུར་ན་བརྒྱ་ཆའི་ཆ4.6གིས་མཐོ་རུ་ཕྱིན་ཡོད་ལ།བརླན་སའི་སྔོ་ཁེབས་ཚད66%ཡས་མས་སུ་བརྟན་འཇགས་བྱུང་ཡོད།རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་གྲངས་འབོར་མངོན་གསལ་དོད་པོས་ཇེ་མང་དུ་ཕྱིན་པ་དང་། གཙོད་ནི་ཐོག་མར་སྲུང་སྐྱོབ་བྱེད་སྐབས་ཀྱི་ཁྲི2མི་ལོངས་པ་ནས་ད་ལྟ་ཁྲི7ལྷག་བར་སྐྱེ་འཕེལ་བྱུང་སྟེ། སྟོངས་ཉེར་ལྷུང་བའི་སྲོག་ཆགས་ཀྱི་གྲས་ནས་བདེ་བླག་ངང་འཇིགས་ཉེན་ཆེ་བའི་སྲོག་ཆགས་ཀྱི་རིམ་པར་མར་བབས་པ་དང་། དེ་སྔ་མཐོང་དཀོན་པའི་གསའ་དང་གཟིག སྲམ་བཅས་ཡང་ཡང་མཐོང་བ་དང་། ཤྭ་སྐྱ་དང་། འབྲོང་། རྐྱང་བཅས་གཙང་པོའི་འགོ་ཁུངས་སུ་བག་ཕེབས་ངང་འཚོ་བཞིན་ཡོད་ལ། རྔོན་ཁྲ་དང་ཁྲུང་ཁྲུང་སྐེ་ནག གླག་སོགས་གཏུམ་བྱའི་རིགས་ཀྱིས་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་པ་དང་། ས་རྟ་གྲོ་ལི་དང་སྦྲེ་སོགས“དྲ་གྲགས་སྲོག་ཆགས”རྣམས་རྩྭ་ཐང་དུ་སྐྱེ་འཕེལ་བྱེད་བཞིན་ཡོད། གཙང་གསུམ་འགོ་ཁུངས་སུ་རླབས་སྔོན་ལྟེམ་ལྟེམ་གཡོ་ཞིང་། མཚེའུ་སྟོང་གི་མཛེས་ལྗོངས་སླར་ཡང་མིག་ལམ་དུ་མངོན་ཏེ།“ཀྲུང་ཧྭའི་ཆུ་ལྕོག”སྔར་བས་སྲ་བརྟན་དང་ཕུན་སུམ་ཚོགས་པར་གྱུར་ཡོད། །
མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་པ་དང་།འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་ལ།སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད། མཚོ་སྔོན་གྱི་དམིགས་བསལ་གྱི་ཞིང་ཆེན་གནས་བབ་དང་ངེས་གནས་ཀྱིས་དེའི་སྐྱེ་ཁམས་ཁོར་ཡུག་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་གལ་ཆེའི་རང་བཞིན་ལྡན་པ་གཏན་འཁེལ་བྱས་ཡོད། གལ་ཏེ་མཚོ་སྔོན་གྱི་བྱ་བ་སོ་སོ་ཡལ་འདབ་རབ་ཏུ་རྒྱས་པའི་ཤིང་སྡོང་ཆེན་པོ་ཞིག་ཡིན་པའི་དབང་དུ་བཏང་ན། སྐྱེ་ཁམས་ནི་སྲ་བརྟན་གྱི་གཞུང་རྟ་ཡིན་པ་དང་།གཞུང་རྟའི་མཐའ་བསྐོར་བའི་ཡལ་ག་ཚང་མར་སྐྱེ་སྟོབས་ཀྱིས་ཁེངས་ཡོད།
རྨ་ཆུའི་འགོ་ཁུངས་སུ་གནས་པའི་རྨ་སྟོད་རྫོང་ནི་དུས་རབས་གོང་མའི་ལོ་རབས80པའི་དུས་འགོར། རྒྱལ་ཡོངས་ཀྱི་བགོ་བཤའི་ཆུ་ཚད་ཨང་དང་པོ་ཡིན་པའི་རྫོང་ཕྱུག་པོ་ཞིག་ཡིན། ཡིན་ནའང་སྒོ་ཕྱུགས་འཚོ་སྐྱོང་མང་དྲགས་པ་དང་གསེར་གཏེར་གང་བྱུང་དུ་སྔོག་འདོན་བྱེད་པ་སོགས་གོ་རིམ་མེད་པར་གསར་སྤེལ་བྱས་པའི་དབང་གིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས་ཏེ།དེ་སྔའི་རྫོང་ཕྱུག་པོ་དེ་སྐབས་ཤིག་ལ་རྒྱལ་ཡོངས་ཀྱི་དབུལ་ཕོངས་རྫོང་དུ་གྱུར།
གཙང་གསུམ་འགོ་ཁུངས་ཀྱི་སྐྱེ་ཁམས་ཉམས་ཉེན་ནུས་ལྡན་ངང་སེལ་ཆེད།2000ལོར་མཚོ་སྔོན་གྱིས་བློ་ཐག་ཆོད་པོའི་སྒོ་ནས་གཙང་གསུམ་འབྱུང་ཡུལ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་པར་མ་ཟད།2003ལོར་རྒྱལ་ཁའི་ངང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གོ་གནས་སྤར། 2018ལོའི་ལོ་མཇུག་བར། མཚོ་སྔོན་གྱིས་རིམ་བསགས་སྒོས་མ་དངུལ་དུང་ཕྱུར244བཏང་ནས། གཙང་གསུམ་འབྱུང་ཡུལ་གྱི་དུས་རིམ་དང་པོ་དང་གཉིས་པའི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་ཞེས་པའི་དུས་ཡུན་རིང་ལ་གཞི་རྒྱ་ཆེ་བར་མ་ཟད་མ་ལག་འཐུས་སྒོ་ཚང་བའི་བཟོ་འགོད་འདི་སྤེལ་བས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཇེ་སྡུག་ཏུ་འགྲོ་བའི་རྣམ་པ་ཐོག་མར་བསྒྱུར།
གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཉམས་གསོ་བཟོ་འགོད་གཏིང་ཟབ་ཏུ་སྤེལ་བ་ལས་ཐོག་མར་ཆུ་ཁུངས་གསོག་སྐྱིལ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན། ཚན་རིག་དང་མཐུན་ལ། གནད་ལ་འཁེལ་ཞིང་ནུས་པ་ལྡན་པའི་སྐྱེ་ཁམས་བཅོས་སྐྱོང་བྱེད་ཐབས་རབ་དང་རིམ་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་གསོག་སྐྱིལ་བྱེད་ཚད་མུ་མཐུད་དུ་ཆེ་རུ་ཕྱིན་ནས་རྨ་ཆུ་དང་འབྲི་ཆུ།རྫ་ཆུ་སོགས་གཙང་ཆེན་ཆུ་ཆེན་དག་ལ་སྔར་ལས་བརྟན་ཞིང་ཕུན་སུམ་ཚོགས་པའི་ཆུའི་ཐོན་ཁུངས་གསབ་པར་བྱས།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་འགོ་ཚུགས་རྗེས། སླར་ཡང་སྔ་གཞུག་ཏུ་མ་དངུལ་སྒོར་དུང་ཕྱུར86.61བཏང་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པ་སྟེ། དཔེར་ན། སྐོར་སྲུང་བགྲོད་ལམ་བཟོ་སྐྲུན་དང་ཁོར་ཡུག་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་སོགས་དང་། དེ་མིན་ས་ནག་ཐང་བཅོས་སྐྱོང་དང་བྱེ་ཐང་ཅན་གྱི་ས་ཆ་འགོག་བཅོས། ཉམས་ཞན་རྩྭ་ར་ལེགས་བཅོས། བརླན་ས་སྲུང་སྐྱོབ། གནོད་ལྡན་སྐྱེ་དངོས་འགོག་བཅོས་སོགས་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས། དུས་མཚུངས་སུ། ནུས་ཤུགས་ཡོད་རྒུས་ཆུ་ཁུངས་སྲུང་སྐྱོབ་བྱ་ཆེད། མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་དུ་གནས་པའི་གཏེར་ལས་དབང་ཆ་དང་ཆུ་གློག་ས་ཚིགས48ཡོད་པ་ཚང་མ་བློ་ཐག་ཆོད་པོའི་སྒོ་ནས་མེད་པར་བཟོས་པ་དང་ཆ་ཤས་བློས་བཏང་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁྱོན་ཡོངས་ལ་གྲུབ་འབྲས་བླངས།
གཞི་གྲངས་ལས་ཕན་འབྲས་མངོན་པ་དང་ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད། ནགས་ཚལ་དང་རྩྭའི་ཁེབས་ཚད74%ལས་བརྒལ་བ་དང་། ས་ནག་ཐང་བཅོས་སྐྱོང་ཁུལ་གྱི་སྔོ་ཁེབས་ཚད20%མི་ལོངས་པ་ནས80%ཡན་དུ་ཆེས་ཆེར་མཐོ་རུ་ཕྱིན་པ་དང་།རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད2020ལོར61.9%ལ་བུད་ཡོད་པ་དེ2015ལོ་དང་བསྡུར་ན་བརྒྱ་ཆའི་ཆ4.6གིས་མཐོ་རུ་ཕྱིན་ཡོད་ལ།བརླན་སའི་སྔོ་ཁེབས་ཚད66%ཡས་མས་སུ་བརྟན་འཇགས་བྱུང་ཡོད།
རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་གྲངས་འབོར་མངོན་གསལ་དོད་པོས་ཇེ་མང་དུ་ཕྱིན་པ་དང་། གཙོད་ནི་ཐོག་མར་སྲུང་སྐྱོབ་བྱེད་སྐབས་ཀྱི་ཁྲི2མི་ལོངས་པ་ནས་ད་ལྟ་ཁྲི7ལྷག་བར་སྐྱེ་འཕེལ་བྱུང་སྟེ། སྟོངས་ཉེར་ལྷུང་བའི་སྲོག་ཆགས་ཀྱི་གྲས་ནས་བདེ་བླག་ངང་འཇིགས་ཉེན་ཆེ་བའི་སྲོག་ཆགས་ཀྱི་རིམ་པར་མར་བབས་པ་དང་། དེ་སྔ་མཐོང་དཀོན་པའི་གསའ་དང་གཟིག སྲམ་བཅས་ཡང་ཡང་མཐོང་བ་དང་། ཤྭ་སྐྱ་དང་། འབྲོང་། རྐྱང་བཅས་གཙང་པོའི་འགོ་ཁུངས་སུ་བག་ཕེབས་ངང་འཚོ་བཞིན་ཡོད་ལ། རྔོན་ཁྲ་དང་ཁྲུང་ཁྲུང་སྐེ་ནག གླག་སོགས་གཏུམ་བྱའི་རིགས་ཀྱིས་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་པ་དང་། ས་རྟ་གྲོ་ལི་དང་སྦྲེ་སོགས“དྲ་གྲགས་སྲོག་ཆགས”རྣམས་རྩྭ་ཐང་དུ་སྐྱེ་འཕེལ་བྱེད་བཞིན་ཡོད། གཙང་གསུམ་འགོ་ཁུངས་སུ་རླབས་སྔོན་ལྟེམ་ལྟེམ་གཡོ་ཞིང་། མཚེའུ་སྟོང་གི་མཛེས་ལྗོངས་སླར་ཡང་མིག་ལམ་དུ་མངོན་ཏེ།“ཀྲུང་ཧྭའི་ཆུ་ལྕོག”སྔར་བས་སྲ་བརྟན་དང་ཕུན་སུམ་ཚོགས་པར་གྱུར་ཡོད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注