སུའུ་ཏན་གྱི་རྒྱལ་ས་ཁར་ཐུམ་དུ་ཡོད་པའི་སྣུམ་སྣོན་ས་ཚིགས་ཤིག་ལ་འཇབ་རྒོལ་ཐེབས་པ་ལས་མི28རྐྱེན་ལམ་དུ་ཤོར་བ་དང་མི37ལ་རྨས་སྐྱོན་ཐེབས་པ།

ཁར་ཐུམ་ནས་སྤེལ་བའི་གནས་ཚུལ་ལྟར་ན། སུའུ་ཏན་ས་གནས་རྩ་འཛུགས“ལྷོ་ཕྱོགས་འཕྲལ་བསྟུན་ལྟེ་གནས”ཀྱིས་ཚེས8ཉིན་བཤད་རྒྱུར།  རྒྱལ་ས་ཁར་ཐུམ་ལྷོ་རྒྱུད་དུ་ཡོད་པའི་སྣུམ་སྣོན་ས་ཚིགས་ཤིག་ལ་ཉིན་དེར་འཇབ་རྒོལ་ཐེབས་ཏེ། མི28རྐྱེན་ལམ་དུ་ཤོར་བ་དང་མི37ལ་རྨས་སྐྱོན་ཐེབས་པ་རེད། 

པར་འདི་ནི་ཟླ12པའི་ཚེས8ཉིན་སུའུ་ཏན་གྱི་རྒྱལ་ས་ཁར་ཐུམ་ལྷོ་རྒྱུད་དུ་ཡོད་པའི་སྣུམ་སྣོན་ས་ཚིགས་ཤིག་ནས་དུ་ནག་འཕྱུར་བའི་རྣམ་པ་རེད། 

“ལྷོ་ཕྱོགས་འཕྲལ་བསྟུན་ལྟེ་གནས”ནི་སུའུ་ཏན་གྱི་མི་ཆོས་རིང་ལུགས་ལ་རོགས་སྐྱོར་བྱེད་པའི་གཞོན་ནུའི་དང་བླངས་ཚོགས་པ་ཞིག་རེད། རྩ་འཛུགས་དེས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ནང་། འཇབ་རྒོལ་ཐེབས་པའི་སྣུམ་སྣོན་ས་ཚིགས་དེ་ཁར་ཐུམ་ལྷོ་རྒྱུད་ཀྱི་མེ་ཨའོ་ས་ཁུལ་གྱི་ཁྲོམ་ར་ཞིག་ཏུ་ཡོད་སྟབས། རྨས་སྐྱོན་ཕོག་མཁན་མང་ཆེ་བར་འཚིག་རྨས་བྱུང་ཞིང་། དེའི་ཁྲོད་ཀྱི་མི3ལ་རྨས་སྐྱོན་ཚབས་ཆེན་ཐེབས་ཡོད་པ་རེད། 

མིག་སྔར་རྩ་འཛུགས་སམ་ཡང་ན་མི་སྒེར་སུ་ཞིག་གིས་འཇབ་རྒོལ་བྱས་པ་གསལ་བོ་མི་ཤེས་པ་རེད།  

2023ལོའི་ཟླ4པའི་ཚེས15ཉིན་སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་ཁར་ཐུམ་དུ་དྲག་ཆས་འགལ་འདུ་བྱུང་ཞིང་། དེ་ནས་དམག་འཁྲུག་གི་མེ་ལྕེ་ས་ཁུལ་གཞན་དུ་མཆེད་པ་རེད། ལོ་གཅིག་རིང་གི་དྲག་ཆས་གདོང་ཐུག་ལས་སུའུ་ཏན་གྱི་མི་ཁྲི2.71ལྷག་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི1200ལྷག་ཡུལ་གྱར་བར་གྱུར། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号