སི་རི་ཡར་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ཆེན་མོར་འཇབ་རྒོལ་ཐེབས་པ་དང་ཕྱི་འབྲེལ་མི་སྣ་སྔོན་དུ་ཁ་བྲལ།
ཚེས8ཉིན། དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་རླུང་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། སི་རི་ཡར་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ཆེན་མོར་ཉིན་དེར་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཡོད་པ་རེད། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་སི་རི་ཡར་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ཆེན་མོའི་ཕྱི་འབྲེལ་མི་སྣ་འཇབ་རྒོལ་མ་ཐེབས་སྔོན་ལ་ཁ་བྲལ་ཡོད་པར་བསྟན།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་རླུང་བརྙན་འཕྲིན་ལས་ཁུངས་ཀྱིས་ཚེས8ཉིན་བསྟན་པའི་འཆར་ངོས་ལས། དྲག་ཆས་མི་སྣ་སྐོར་ཞིག་སི་རི་ཡར་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་དུ་སོང་སྟེ་གཞུང་ཚབ་ཁང་གི་བཟོ་བཀོད་དང་སྒྲིག་ཆས་ལ་གཏོར་སྐྱོན་བཏང་པ་མངོན་ཡོད།
དབྱི་ལིང་གི་མའེ་ཧི་ཨར་གསར་འགྱུར་ཁང་གིས་ཚེས8ཉིན་གནས་ཚུལ་སྤེལ་ནས། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་དབྱི་སི་མེར·པ་ཅ་ཨའེ་ཡིས་བཤད་རྒྱུར། སི་རི་ཡར་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ཆེན་མོའི་ཕྱི་འབྲེལ་མི་སྣ་ས་ དེའི་དུས་ཚོད་ཚེས8ཉིན་གྱི་སྔ་དྲོ་གཞུང་ཚབ་ཁང་ཆེན་མོ་ནས་ཁ་བྲལ་བ་རེད། ཁོས་བཤད་རྒྱུར། གཞུང་ཚབ་ཁང་ཆེན་མོའི་དབྱི་ལིང་གི་ལས་བྱེད་མི་སྣ་ཡོངས་ཀྱི་ལུས་པོར་ད་ལྟ་སྐྱོན་ཅི་ཡང་མེད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注