དབྱི་སི་རལ་དམག་ཕྱོགས་ཀྱིས་ཀི་ལན་མཐོ་སའི་དམག་ཤུགས་ཆེ་རུ་བཏང་།

ཚེས6ཉིན།  དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གསལ་བསྒྲགས་སྤེལ་ནས། ད་ལྟའི་སི་རི་ཡའི་གནས་བབ་ལ་གཞིགས་ནས་དབྱི་སི་རལ་ཕྱོགས་ཀྱིས་རང་ཉིད་ཀྱིས་ཚོད་འཛིན་བྱས་པའི་ཀི་ལན་མཐོ་སའི་ས་ཁུལ་གྱི་ས་ངོས་དང་མཁའ་དབྱིངས་ཀྱི་དམག་ཤུགས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་ཅེས་བཤད།

གསལ་བསྒྲགས་ནང་དབྱི་སི་རལ་གྱི་དམག་དཔུང་གི་སྤྱི་ཁྱབ་ཚན་མོའུ་པུའུ་དང་བྱང་ཕྱོགས་སི་ལིན་པུའུ་ཡིས་ཚེས5ཉིན་ནས་བཟུང་གནས་བབ་ལ་ཚོད་དཔག་བྱས་པ་དང་།   ་སི་རི་ཡའི་ནང་ཁུལ་གྱི་གདོང་ཐུག་གི་འཕེལ་རྒྱས་ལ་གཞིགས་ནས་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཀེ་ལན་མཐོ་སའི་ས་ཁུལ་གྱི་མཁའ་དབྱིངས་དང་ས་ངོས་དཔུང་སྡེའི་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་བཞིན་ཡོད་ཅེས་འཁོད་ཡོད།  དམག་དཔུང་གིས་གནས་བབ་ཀྱི་འཕེལ་ཕྱོགས་ལ་དོ་སྣང་ཆེན་པོ་བྱས་ནས་གནས་ཚུལ་ཡོད་ཚད་ལ་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། དེར“ཕར་རྒོལ་དང་འགོག་སྲུང་”ཡང་འདུས་ཡོད།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཟླ12པའི་ཚེས6ཉིན་ཁྱབ་བསྒྲགས་བྱས་པའི་པར་དེའི་ཐོག་ནས། དབྱི་སི་རལ་གྱི་དཔུང་སྡེ་དེ་ཁོ་ཚོས་བཙན་བཟུང་བྱས་པའི་ཀི་ལན་མཐོ་སར་བཅའ་སྡོད་བྱས་ཡོད་པ་མངོན་ཡོད།

དབྱི་སི་རལ་དམག་དཔུང་གིས་ཁྱབ་བརྙན་ལམ་ནས་ཁྱབ་བསྒྲགས་བྱས་པར་གཞིགས་ན། དབྱི་སི་རལ་གྱི་དམག་མིས་ཀི་ལན་མཐོ་སའི་ས་ཁུལ་གྱི་འགོག་དངོས་ཇེ་བརྟན་དུ་གཏོང་བཞིན་ཡོད་པ་རེད།

ཀི་ལན་མཐོ་ས་ནི་སི་རི་ཡའི་ལྷོ་ནུབ་རྒྱུད་ཀྱི་དོག་ཅིང་རིང་བའི་ས་ཁུལ་ཞིག་ཡིན། དབྱི་སི་རལ་གྱིས1967ལོའི་དབུས་ཤར་དམག་འཁྲུག་ཐེངས་གསུམ་པའི་ཁྲོད། ཀི་ལན་མཐོ་ས་བཙན་བཟུང་བྱས་པ་དང་། དེ་ནས་བཟུང་འཐབ་ཇུས་གནད་ཆེའི་ས་ཆ་དེར་ཚོད་འཛིན་དང་བདག་སྐྱོང་བྱས་ནས་ཞི་ལི་ཡ་ལ་ཕྱིར་མ་སྤྲད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀེ་ལན་མཐོ་ས་དེ་དབྱི་སི་རལ་གྱི་མངའ་ཁོངས་སུ་ཁས་ལེན་གྱི་མེད།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཟླ12ཚེས6ཉིན་ཁྱབ་བསྒྲགས་བྱས་པའི་པར་དེའི་ཐོག་ནས་དབྱི་སི་རལ་གྱི་དམག་དཔུང་དེ་ཁོ་ཚོས་བཟུང་བའི་ཀི་ལན་མཐོ་སར་བཅའ་སྡོད་བྱས་ཡོད་པ་མངོན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号