དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་པོའི་ནུབ་འགྲམ་དུ་ཕ་ལེ་སི་ཐན་གྱི་མི4བསད།
ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཟླ12ཚེས1ཉིན་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་པོའི་ནུབ་འགྲམ་གྱི་བྱང་རྒྱུད་ཅེ་ཉིང་ས་ཁུལ་དུ་བྱ་སྤྱོད་སྤེལ་བ་ལས་ཕ་ལེ་སི་ཐན་གྱི་མི4རྐྱེན་ལམ་དུ་ཤོར་ཟེར།
གསལ་བསྒྲགས་ནང་དབྱི་སི་རལ་གྱི་དམག་གིས་ཉིན་དེར་ཅེ་ཉིང་ས་ཁུལ་གྱི་སའེ་ཨར་གྲོང་རྡལ་ལ་འཇབ་རྒོལ་བྱས་པ་དང་། རྐྱེན་ལམ་དུ་ཤོར་བའི་མི4ནི་ལོ23ནས35བར་ཡིན་ཞིང་། ས་གནས་དེའི་ཆ་འཕྲིན་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་དབྱི་སི་རལ་གྱི་དམག་དཔུང་གི་མི་མེད་གནམ་གྲུ་ཞིག་གིས་ཉིན་དེའི་ཞོགས་པར་ས་གནས་དེའི་ཁང་པ་ཞིག་ལ་འཇབ་རྒོལ་བྱས་པ་དང་། དེའི་རྗེས་སུ་དབྱི་སི་རལ་གྱི་དམག་དཔུང་གིས་ས་ཁུལ་དེར་སྔོག་བཤེར་བྱ་སྤྱོད་སྤེལ་ཟེར།
ཚེས1ཉིན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། མཁའ་དམག་གི་གནམ་གྲུ་ཞིག་གིས་ཅེ་ཉིང་ས་ཁུལ་དུ་དྲག་ཆས་མི་སྣའི་ཚན་ཆུང་ཞིག་ལ་རྡུང་རྡེག་བཏང་ནས་རྩ་མེད་བཟོས་པ་རེད། དེའི་རྗེས་སུ་དབྱི་སི་རལ་གྱི་དམག་མིས་ས་ཁུལ་དེར་དམིགས་ཡུལ་རང་བཞིན་ལྡན་པའི་སྒོ་ནས་གློ་བུར་དུ་འཇབ་རྒོལ་བྱས་པར་མ་ཟད། དྲག་ཆས་ཚན་ཆུང་གི་མི་སྣའི་ལུས་སྟེང་ནས་མཚོན་ཆ་རྙེད་པ་རེད། དེ་མིན། དབྱི་སི་རལ་གྱི་དམག་གིས་ད་དུང་མཚོན་ཆའི་ལྷུ་ལག་དང་འགད་གཏོར་དངོས་པོ་སོགས་རྙེད་ཡོད་པ་རེད།
ན་ནིང་གི་ཟླ10པ་ནས་བཟུང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་བར་གསར་དུ་གདོང་ཐུག་བྱུང་བ་ནས་བཟུང་། དབྱི་སི་རལ་གྱིས་ཕྱོགས་གཅིག་ནས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཞན་ཞིག་ནས་ཅོར་ཏན་གཙང་པོའི་ནུབ་འགྲམ་དུ་ཐེངས་མང་པོར་ཕ་ལེ་སི་ཐན་གྱི་མི་སྣར་གློ་བུར་དུ་འཇབ་རྒོལ་དང་འཛིན་བཟུང་བྱས་ཡོད། ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན། ཐེངས་འདིའི་གདོང་ཐུག་བྱུང་བ་ནས་བཟུང་ཅོར་ཏན་གཙང་པོའི་ནུབ་འགྲམ་དུ་ཕ་ལེ་སི་ཐན་གྱི་མི800ལྷག་ཙམ་དབྱི་སི་རལ་གྱི་དམག་དཔུང་དང་ཡང་ན་ཡ་ཧུ་དཱ་པའི་གཞིས་ཆགས་པའི་ལག་ནས་ཤི་ཡོད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注