ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པ་གཙོ་བོས་ལེ་པཱ་ནུན་གྱི་དམག་དཔུང་བར་མཐུན་སྦྱོར་བྱས་ནས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་རྒྱུའི་ཚུལ་བསྟན།

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པ་ཁཱ་ཞི་མུའུ་ཡིས་ཚེས29ཉིན་བསྟན་དོན། ཀྲིན་ཀྲུའུ་ཏང་གིས་ལེ་པཱ་ནུན་གྱི་དམག་དཔུང་བར་མཐུན་སྦྱོར་ཟབ་མོ་བྱས་ཏེ། མཉམ་དུ་ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཁཱ་ཞི་མུའུ་ཡིས་ཉིན་དེར་ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནུས་ལྡན་དུ་གྱུར་རྗེས་ཐོག་དང་པོར་བརྙན་འཕྲིན་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། དེ་ནི་ཆིངས་ཡིག་གསར་བ་ཞིག་མ་ཡིན་པས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་དངོས་འབེབས་བྱེད་པའི་ལག་བསྟར་འཆར་གཞི་ཡིན། ཀྲིན་ཀྲུའུ་ཏང་གིས་ལེ་པཱ་ནུན་གྱི་དམག་དཔུང་བར་མཐུན་སྦྱོར་གང་ལེགས་བྱས་ནས་མཉམ་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དམག་དཔུང་གིས་ལེ་པཱ་ནུན་དང་དེའི་མཐའ་འཁོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཁུར་དུ་ལེན་རྒྱུ་ཡིན་ཟེར།

ཁཱ་ཞི་མུའུ་ཡིས་བཤད་རྒྱུར། ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་དང་མཉམ་དུ་ཉེ་བའི་ཟླ་ངོ14རིང་གི་འཁྲུག་རྩོད་ལས་རླབས་ཆེན་རྒྱལ་ཁ་བླངས་ཡོད་ཅིང་། དབྱི་སི་རལ་གྱིས་ཀྲིན་ཀྲུའུ་ཏང་དང་འགོག་རྒོལ་སྟོབས་ཤུགས་རྩ་མེད་དུ་གཏོང་བའི་གཡོ་ཇུས་ཕམ་ཉེས་སུ་བཏང་ཡོད། དབྱི་སི་རལ་གྱིས་བར་སྣང་འཇབ་རྒོལ་དང་གནད་འཁེལ་གཙང་སེལ་འགུལ་སྐྱོད་སྤེལ་ནས་དབུས་ཤར་གསར་བཞེངས་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་འདོད་ཡོད་ཀྱང་། དམིགས་ཡུལ་དེ་མངོན་འགྱུར་བྱུང་མེད་ཟེར། ཁཱ་ཞི་མུའུ་ཡིས་ཕཱ་ལེ་སི་ཐན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས་པ་དང་། ཀྲིན་ཀྲུའུ་ཏང་གིས་བྱེད་ཐབས་མི་འདྲ་བར་བརྟེན་ནས་མུ་མཐུད་དུ་དམ་བཅའ་དེ་ལག་བསྟར་བྱེད་རྒྱུ་ཡིན་ཟེར།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号