དབྱི་ལིང་དང་དབྱིན་ཇི། ཧྥ་རན་སི། འཇར་མན་བཅས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་གྲོས་མོལ་བྱས།

དབྱི་ལིང་དང་དབྱིན་ཇི། ཧྥ་རན་སི། འཇར་མན་བཅས་ཀྱི་ཕྱི་འབྲེལ་དཔོན་པོས་ཚེས29ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་གྲོས་མོལ་བྱས་པ་དང་། གཙོ་བོ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་གྲོས་སྡུར་བྱས།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཅཱ་ལི་པཱ་པཱ་ཏིས་ཀྱིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཕྱོགས་སོ་སོས་གཙོ་བོ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དང་བཀག་སྡོམ་མེད་པར་གཏོང་བའི་འབྲེལ་ཡོད་གྲོས་གཞིའི་ཐད་ནས་ལྷག་བསམ་རྣམ་དག་གིས་བརྗེ་རེས་བྱས། དབྱི་ལིང་གིས་རྒྱལ་ཁབ་རང་གི་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་པ་དང་། གྲོས་མོལ་དང་འབྲེལ་འདྲིས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པར་འབད་བཞིན་ཡོད་ལ། ཕྱོགས་སོ་སོས་ཅང་མ་འགོར་བར་མུ་མཐུད་དུ་ཕྱི་འབྲེལ་གྲོས་མོལ་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར།

ཅཱ་ལི་པཱ་པཱ་ཏིས་ཀྱིས་ད་རུང་དབྱི་ལིང་དང་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་ཀྱིས་ཚེས28ཉིན་རི་ནེ་ཝ་ནས་གྲོས་མོལ་བྱས་པ་བདེན་དཔང་བྱས། ཁོས་བཤད་རྒྱུར། གྲོས་མོལ་དེ་གྲོས་གཞི་མང་བོར་འབྲེལ་ཡོད་ཅིང་། ཉེ་སྔོན་གྱི་གནས་བབ་འཕེལ་ཕྱོགས་འོག་གི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དང་བཀག་སྡོམ་མེད་པར་གཏོང་བའི་གྲོས་མོལ་གྱི་མདུན་ལྗོངས་སོགས་འདུས་ཡོད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་འགུལ་སྐྱོད་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་མའོ་ལཱ་ཡིས་ཚེས28ཉིན་སྤྱི་ཚོགས་སྨྱན་བྱད་སྟེང་བཤད་རྒྱུར། ཁོས་ཉིན་དེར་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལཱ་ཝན་ཞེ་དང་ཅཱ་ལི་པཱ་པཱ་ཏིས་གཉིས་དང་མཉམ་དུ་ཕྱི་འབྲེལ་ལ་བརྟེན་ནས་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པ་དང་ས་ཁུལ་གྱི་ཛ་དྲག་གི་གནས་བབ་སོགས་གནད་དོན་ཐད་ནས་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号